མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཡོན་ཁྲའོ་ཡིས་ཨ་ཀིན་ཐིན་གྱི་ཙུང་ཐུང་ཁི་ལེ་སི་ཏེ་ན་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ལོ་ཙཱ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-05-12 10:46

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀིན་ཐིན་ན་དངོས་གཞིའི་འཚམས་འདྲི་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཡོན་ཁྲའོ་ཡིས་ཚེས10ཉིན་པུའུ་དབྱི་ནོ་སི་ཨའེ་ལེ་སི་ནས་ཨ་ཀིན་ཐིན་གྱི་ཙུང་ཐུང་ཁི་ལེ་སི་ཏེ་ན་ལ་ཐུག་འཕྲད་བྱས།

    ལིས་ཡོན་ཁྲའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁི་ལེ་སི་ཏེ་ན་ལ་འཚམས་འདྲི་མཛད་པ་བརྒྱུད་བསྒྲགས་བྱས། ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར། ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དམིགས་ཡུལ་བཅངས་ཏེ། ཨ་ཀིན་ཐིན་བར་དུ་མཐོ་རིམ་འགྲོ་འོང་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཐུན་མོང་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཙོ་འགན་སྡེ་ཁག་བར་དུ་མཉམ་ལས་གྲོས་མོལ་སྒྲིག་སྲོལ་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་དངུལ་གཏོང་རྒྱུན་བསྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་བཏང་ཞིང་། དངུལ་ལོར་མཉམ་ལས་ལ་ཤུགས་བསྣན་ཏེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།

    ཁི་ལེ་སི་ཏེ་ན་ཡིས་ལིས་ཡོན་ཁྲའོ་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲི་ཞུས། མོས་བཤད་རྒྱུར། ཨ་ཀིན་ཐིན་གྱིས་ཨ་ཀིན་ཐིན་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་དང་དཔལ་འབྱོར་ཉོ་ཚོང་། ཞིང་ལས། ཟས་རིགས་བཟོ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག