མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་ཀྱི་ཆོས་དཔོན་ཆེན་མོ་ཅི་ལིས་ཨར་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:20

00000.jpg

    སྤྱི་ཟླ5བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་ཀྱི་ཆོས་དཔོན་ཆེན་མོ་ཅི་ལིས་ཨར་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་ཀྱི་ཆོས་དཔོན་ཆེན་མོ་ཅི་ལིས་ཨར་ལ་མཇལ་འཕྲད་གནང་།

     མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་བ་དང་འཕེལ་རྒྱས་སོགས་ཀྱི་ཐད་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་གཟེངས་བསྟོད་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཆོས་དཔོན་ཆེན་མོ་ཅི་ལིས་ཨར་ད་ཐེངས་ཀྲུང་གོར་འཚམས་འདྲིར་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཆོས་ལུགས་འབྲེལ་འདྲིས་ཁྲོད་ཀྱི་གྲུབ་ཆ་ཁག་ཅིག་ཡིན་པ་དང་དེ་ལས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་བའི་ཆུ་ཚད་དང་དམིགས་བསལ་གྱི་མཛའ་མཐུན་འབྲེལ་བ་མཚོན་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱུས་ལོན་ཟབ་མོ་བྱེད་པར་ཕན་པ་ཡོད་པས། ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་དང་ཆོས་དཔོན་ཆེན་མོ་ཅི་ལིས་ཨར་གྱིས་ཀྲུང་གོ་དང་ཨུ་རུ་སི་མཛའ་མཐུན་ཡོང་བར་ནུས་པ་ཆེན་པོ་འདོན་དགོས་ཟེར། ཞི་ཅིན་ཕེན་གྱིས་ད་དུང་མགྲོན་པོ་རྣམས་ལ་ཀྲུང་གོའི་འབྲེལ་ཡོད་ཆོས་ལུགས་སྲིད་ཇུས་མཚམས་སྦྱོར་མཛད།

    ཅི་ལིས་ཨར་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་བར་དུ་མཛའ་བཤེས་འབྲེལ་བ་ཟབ་མོ་ཆགས་ཡོད། ཨུ་རུ་སི་དང་ཀྲུང་གོས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་ཏེ། མཉམ་དུ་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། ཨུ་རུ་སིའི་ཏུང་ཀྲིན་ཆོས་ལུགས་མཐུན་ཚོགས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་ལྟར། ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག