མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཨར་ཞི་ཏི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-11 10:20

124694973_51n.jpg

  སྤྱི་ཟླ5བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཨར་ཞི་ཏི་ལ་མཇལ་འཕྲད་གནང་།

124694973_61n.jpg

    སྤྱི་ཟླ5བའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཨར་ཞི་ཏི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ5བའི་ཚེས10ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ཨར་ཞི་ཏི་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་སྐབས་གསར་བའི་སྲིད་གཞུང་གིས་རྒྱ་གར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། དམངས་ཁྲོད་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ལ་ཤུགས་སྣོན་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བྱུང་བའི་རྣམ་པ་བཟང་བོར་གཅེས་སྤྲས་བྱེད་པ་དང་། རྒྱང་རིང་ལ་དམིགས་ཤིང་ཡར་བརྩོན་གྱི་རྣམ་འགྱུར་བཟུང་སྟེ་ཕྱོགས་གཉིས་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དུང་ཕྱུར་ཉེར་ལྔ་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་བསྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་ཞི་བའི་མཛའ་མཐུན་གྲོས་མོལ་བརྒྱུད་དེ་མཐའ་མཚམས་གནོད་དོན་ཐག་གཅོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཐད་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་འདོད་ཡོད་ཟེར།

    ཁུའུ་ཨར་ཞི་ཏི་ཡིས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་བཟང་བོ་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་འགལ་བ་སྣ་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱས་ཏེ། མཐའ་མཚམས་གནད་དོན་ཐག་གཅོད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག