མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱིས་ཀྱིས་འཚམས་འདྲིར་ཕེབས་པའི་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་་ཧུའར་ཤི་ཏེ་དང་ངོ་འཕྲད་གྲོས་མོལ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝང་དབྱིས་ཀྱིས་བསྟན་པར། ཀྲུང་གོ་དང་རྒྱ་གར་ནི་རང་བྱུང་གི་འཐབ་ཇུས་མཉམ་རོགས་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་དོན་སྙིང་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་ཀྱི་མི་མངོན་པའི་མཐུན་རྐྱེན་ཤུགས་ཆེན་ལྡན་པ་དང། འཕེལ་རྒྱས་ཀྱི་བར་འཁྱམས་ཆེན་པོ་ཡོད། མིག་སྔར་ཕྱོགས་གཉིས་པོས་ཧུར་བརྩོན་ཆེན་པོས་མཐོ་རིམ་དཔོན་དབར་ཕན་ཚུན་འཚམས་འདྲི་གནང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡར་རྒྱས་ཡོང་རྒྱུར་གོ་སྐབས་ཆེན་པོ་འཕྲད་ཡོད་ཅེས་གསུངས་པ་དང་། ཀྲུང་གོ་ཕྱོགས་ནས་རྒྱ་གར་དང་ཐུན་མོང་ཐོག་འབད་བརྩོན་དང་། གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ལ་འཛེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་ཡོད་ཅེས་དང་། ཀྲུང་གོས་རྒྱ་གར་དང་མཉམ་དུ་མཐའ་འཚམས་གནད་དོན་ཐད་གྲོས་མོལ་བྱེད་པའི་བརྒྱུད་རིམ་ལ་སྐུལ་དེད་གཏོང་རྒྱུ་དང་། འདྲ་མཉམ་ལུགས་མཐུན་གྱི་ཐབས་ཤེས་འཚོལ་རྒྱུར་མོས་མཐུན་ཡོད་། མཐའ་མཚམས་གནད་དོན་ཐག་གཅོད་མ་བྱས་གོང་དུ་ཕྱོགས་གཉིས་པོས་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧུའར་ཤི་ཏེ་ཡིས་རྒྱ་གར་གྱིས་རྒྱལ་སྤྱིའི་དོན་གནད་ཐད་ཐོན་པའི་ནུས་པ་ཉིན་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་། རྒྱ་གར་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་གཞི་རྩའི་ཁེ་ཕན་དང་མཐུན་པ་མ་ཟད། ཨེ་ཤ་ཡའི་དུས་རབས་གང་མགྱོགས་སླེབས་པར་སྐུལ་འདེད་གཏོང་རྒྱུའི་ཐད་ཕན་ཐོགས་ཤུགས་ཆེན་ཡོད། རྒྱལ་ཁབ་གཉིས་པོས་མཐོ་རིམ་དཔོན་དབར་འཚམས་འདྲི་བྱེད་པའི་གོ་སྐབས་བཟང་པོར་དམ་འཛིན་གྱིས་ཁྱབས་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག