མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱ་མཚོའི་བདེ་འཇགས་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་ཁ་ཕྱོགས་ཡིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས8ཉིན་རྒྱལ་ཁབ་རྒྱ་མཚོ་ཅུད་ཀྱི་རྒྱ་མཚོའི་གོང་འཕེལ་འཐབ་ཇུས་ཞིབ་འཇུག་ཁང་གིས་སྤྱི་ལོ2013ལོའི་ཀྲུང་གོའི་རྒྱ་མཚོའི་གོང་འཕེལ་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། རང་རྒྱལ་གྱི་རྒྱ་མཚོའི་བདེ་འཇགས་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། རྒྱ་མཚོའི་བདེ་འཇགས་ནི་རང་རྒྱལ་གྱི་མིག་སྔའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁ་ཕྱོགས་ས་གཙོ་བོ་དེ་ཡིན་ཞེས་བཏོན་ཡོད་པ་རེད།

སྙན་ཞུའི་ནང་། རྒྱ་མཚོ་དང་སྐམ་ས་གཉིས་ཀ་ལྡན་པའི་ས་ཁམས་ཆ་རྐྱེན་གྱིས་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྐམ་ས་དང་རྒྱ་མཚོ་ཕྱོགས་གཉིས་ཐད་ཀྱི་འགྲན་རྩོད་འཕྲད་ཡོད། རྒྱ་མཚོའི་བདེ་འཇགས་ནི་རང་རྒྱལ་ལ་ཞི་བའི་གོང་འཕེལ་མངོན་འགྱུར་ཡོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། མིག་སྔར་རང་རྒྱལ་ལ་བདེ་འཇགས་ཀྱི་ཉེན་ཁ་ཕོག་ས་ནི་གཙོ་བོ་མཚོ་ཐོག་ནས་ཡིན་ཞེས་བསྟན་ཡོད་པ་དང་། སྙན་ཞུས་དེ་དང་ཆབས་ཅིག་ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་འཐབ་ཇུས་ལེགས་སྒྲིག་བྱས་པ་དེས་རང་རྒྱལ་རྒྱ་མཚོའི་བདེ་འཇགས་ལ་ཡུན་རིང་གི་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་ཡིན་ནའང་རང་རྒྱལ་གྱི་རྒྱ་མཚོའི་བདེ་འཇགས་སྲིད་ཇུས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་མེད་ཅེས་བསྟན་པ་རེད།

སྙན་ཞུའི་ནང་། ཀྲུང་གོས་ཞི་བའི་གོང་འཕེལ་འགྲོ་ལམ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང་། མཚོ་ཐོག་རྩོད་གཞི་ཞི་བའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་མཚོ་ཐོག་གི་ཡིད་རྟོན་སྒྲིག་གཞི་བཙུགས་རྒྱུར་ཤུགས་སྣོན་ཟམ་མ་ཆད་པ་བརྒྱབ་ནས། རྒྱ་མཚོའི་བདེ་འཇགས་མཉམ་ལས་ཧུར་བརྩོན་ཆེན་པོས་སྤེལ་ནས། ས་ཁུལ་གྱི་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག