མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་གླིང་ནང་ཁྲིམས་འགལ་སྒོ་ནས་སྒེར་གཉེར་ཟ་ཁང་སོགས་འཛུགས་པའི་གནས་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱེད་དགོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་གླིང་ཁག་གཅིག་ནང་གི་བོགས་གཏོང་སྤྱི་གླིང་ཁང་པ་དང་སྒྲིག་བཀོད་སྒྲིག་ཆས་སྒེར་གཉེར་བྱེད་བཅུག་པ་དང་། མི་ཉུང་ཤས་ལ་ཞབས་ཞུ་སྒྲུབ་པའི་ཟ་ཁང་དང་སྤྲོ་ཁང་། ཇ་ཁང་སོགས་ཁྲིམས་འགལ་སྒོ་ནས་བཙུགས་པའི་གནས་ཚུལ་ལ་དམིགས་ནས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་ཉེ་ཆར་བརྡ་ཐོ་བཏང་ནས། ས་གནས་ཁག་གིས་སྤྱི་གླིང་འཁོར་རྒྱུག་དོ་དམ་གྱི་ཆེད་དོན་ཞིབ་བཤེར་བྱེད་དགོས་པ་དང་། གང་མགྱོགས་སྤྱི་གླིང་གི་སྤྱི་སྤྱོད་ཐོན་རྫས་ཀྱི་ངོ་བོ་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་ས་གནས་ཁག་གིས་ངེས་པར་དུ་སྤྱི་ཟླ9པའི་ཚེས1ཉིན་གྱི་གོང་དུ་ཆེད་དོན་བརྟག་དཔྱད་མཇུག་འབྲས་དང་བཅོས་སྒྲིག་ཇུས་འགོད་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ལ་སྙན་ཞུ་བྱེད་དགོས་པ་དང་། སླད་ཕྱིན་གྲོང་ཁྱེར་ཁག་གི་ལྡུམ་རའི་སྔོ་ལྗང་ཅན་གཙོ་འགན་ཚན་པས་ལོ་རེར་ཉུང་ཤོས་ལ་ཁྱོན་ཡོངས་ཀྱི་གཙང་བཤེར་ཞིབ་བཤེར་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག