མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་ཨ་ཀེན་ཐིན་དང་ཝེ་ནེ་ཙུའེ་ལར་འཚམས་འདྲི་གནང་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཀེན་ཐིན་གྱི་ཙུང་ཐུང་གཞོན་པ་དང་གྲོས་ཚོགས་སྟོད་པའི་གྲོས་དཔོན་གཅིག་ལྕོགས་པུའུ་ཏུའུ་དང་ཝེ་ནེ་ཙུའེ་ལའ་ཙུང་ཐུང་གཞོན་པ་ཨ་ལེ་ས་ཡ་ཡིས་གདན་ཞུས་གནང་བ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་སྤྱི་ཟླ5བའི་ཚེས9ཉིན་ནས་ཚེས16ཉིན་བར་ཨ་ཀེན་ཐིན་དང་ཝེ་ནེ་ཙུའེ་ལར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་འཚམས་འདྲི་འདི་ནི་ཀྲུང་གོའི་སྐབས་གསར་པའི་རྒྱལ་ཁབ་དབུ་ཁྲིད་ནས་ལ་ཏིང་ཨ་མེ་རི་ཁར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ་ཀྲུང་གོ་དང་ཨ་ཀེན་ཐིན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པས་འཚམས་འདྲི་གནང་ཐེངས་ཐོག་མ་དེ་ཡང་ཡིན།

ཨ་ཀེན་ཐིན་ལ་འཚམས་འདྲི་གནང་རིང་། ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་ཙུང་ཐུང་གཞོན་པ་དང་གྲོས་ཚོགས་སྟོད་པའི་གྲོས་དཔོན་གཅིག་ལྕོགས་པུའུ་ཏུའུ་དང་གྲོས་མོལ་གནང་རྒྱུ་མ་ཟད། ཙུང་ཐུང་ཁེ་ལི་སི་ཏི་ནཱ་དང་གྲོས་ཚོགས་སྨད་པའི་གྲོས་དཔོན་ཏུའོ་མིང་ཀེ་སི་དང་ཁག་སོ་སོར་མཇལ་མོལ་གནང་རྒྱུ་དང་། ཀྲུང་གོ་དང་ཨ་ཀེན་ཐིན་བར་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་བསམ་ཚུལ་གཏིང་ཟབ་བརྗེ་རེས་གནང་རྒྱུ་ཡིན་པ་རེད།

ཝེ་ནེ་ཙུའེ་ལར་འཚམས་འདྲི་གནང་རིང་། ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་ཙུང་ཐུང་གཞོན་པ་ཨ་ལེ་ས་ཡ་དང་གྲོས་མོལ་གནང་རྒྱུ་མ་ཟད། ཙུང་ཐུང་མ་ཏུའུ་ལུའོ་དང་རྒྱལ་ཡོངས་འཐུས་ཚབ་ཚོགས་ཆེན་གྱི་ཀྲུའུ་ཞི་ཁ་ཝེ་ལུའེ་དང་ཁག་སོ་སོར་མཇལ་མོལ་གནང་རྒྱུ་དང་། ཕྱོགས་གཉིས་པོའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་དགོངས་འཆར་གཏིང་ཟབ་བརྗེ་རེས་གནང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག