མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀུའོ་ཧྲེང་ཁུན་གྱིས་སྤྱི་བདེའི་ཁོངས་གཏོགས་ཀྱི་རྒྱལ་ཡོངས་ཡ་རབས་གཞོན་ནུའི་མཚན་རྟགས་ཀྱི་ཚོགས་པའི་འཐུས་མི་དང་མཇལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-11 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས9ཉིན་རྒྱལ་དོན་ཨུ་ཡོན། སྤྱི་བདེ་པུའི་པུའུ་ཀྲང་ཀུའོ་ཧྲེང་ཁུན་གྱིས་པེ་ཅིན་དུ་སྤྱི་བདེའི་ཁོངས་གཏོགས་ཀྱི་སྤྱི་ལོ2011ལོ་ནས་སྤྱི་ལོ2012ལོའི་བར་གྱི་རྒྱལ་ཡོངས་ཡ་རབས་གཞོན་ནུའི་མཚན་རྟགས་ཀྱི་ཚོགས་པའི་འཐུས་མི་དང་མཇལ་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ5བའི་ཚེས4ཉིན་ལས་རིགས་ཁག་གི་ཕུལ་བྱུང་གཞོན་ནུའི་འཐུས་མི་དང་བཞུགས་མོལ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ནན་ཏན་གྱི་སློབ་སྦྱོང་དང་ལག་ལེན་བསྟར་ཏེ། རང་འཁྲིའི་ལས་འགན་དང་ལས་དོན་ཏན་ཏིག་གིས་བསྒྲུབ་ནས། རྒྱལ་ཁབ་ཀྱི་ཡུན་རིང་ཞི་བདེ་སྲུང་སྐྱོབ་བྱེད་པའི་ལག་ལེན་དངོས་ཀྱི་ནང་གཞོན་ནུའི་ཕུགས་འདུན་མཚོན་པར་བྱེད་དགོས།

ཀུའོ་ཧྲེང་ཁུན་གྱིས་རྒྱལ་ཡོངས་སྤྱི་བདེ་ཉེན་རྟོག་དང་ལྷག་དོན་དུ་རྒྱ་ཆེའི་གཞོན་ནུ་ཉེན་རྟོག་པས་ད་ཐེངས་ཀྱི་རྒྱལ་ཡོངས་ཡ་རབས་གཞོན་ནུའི་མཚན་རྟགས་ཀྱི་གཟེངས་བསྟོད་ཐོབ་པའི་ཚོགས་པ་མིག་དཔེར་བཟུང་སྟེ་ཕུགས་བསམ་ཀྱི་འདུ་ཤེས་བརྟན་པོ་དང་འཇོན་ནུས་ལེགས་པོ་སྦྱང་ནས་གསར་གཏོད་བྱེད་ཕོད་པ་དང་དཀའ་སྤྱད་འབད་ཐབས་ཀྱིས་ལྷག་བསམ་རྣམ་དག་གི་གཤིས་སྤྱོད་ཐོག་ནས་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་དེ་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཀྱི་གསོན་ཉམས་ལྡན་པར་སྲུང་སྐྱོབ་བྱེད་པའི་ནང་ན་གཞོན་གྱི་ཕུགས་འདུན་མཚོན་པར་བྱེད་དགོས་ཞེས་གསུངས་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག