མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་པུས་ད་ལོ་ས་གནས་ཁག་གི་ཞིང་ལས་ལོ་ཏོག་གི་སོན་བཟང་ཁ་གསབ་སྒོར་དུང་ཕྱུར199གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་2013ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ཁག་ལ་ཆུ་འབྲས་དང་། མ་རྨོས་ལོ་ཏོག སྲན་མ། གྲོ སྲིང་བལ། ནས། པད་ཁ། རང་བྱུང་སྤོས་འགྱིག་བཅས་ཀྱི་ཞིང་ལས་ལོ་ཏོག་གི་སོན་བཟང་ཁ་གསབ་སྒོར་དུང་ཕྱུར199གཤམ་སྤྲོད་བྱས་ཟིན་ཡོད་པ་རེད། ཞིང་བྲེལ་ཆེ་དུས་ཀྱི་དགོས་མཁོ་སྐོང་རྒྱུ་དང་། ས་གནས་ཁག་གི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་དངུལ་གཤམ་སྤྲོད་བྱེད་མགྱོགས་སུ་བཏང་བ་དང་། མིག་སྔའི་བར། མ་དངུལ་དེའི་སྔོན་རྩིས་ལག་བསྟར་བྱས་ཟིན་ཚད88%ཟིན་ཡོད་ཅིང་། ཀྲུང་དབྱང་ནོར་སྲིད་ནས་ཁ་གསབ་ཀྱི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ཟིན་རྗེས་གང་མགྱོགས་ཞིང་ལས་ལོ་ཏོག་གཞན་དག་གི་སོན་བཟང་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག