མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:47

124689021_31n.jpg

  སྤྱི་ཟླ5བའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་།

124689021_41n.jpg

  སྤྱི་ཟླ5བའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས9ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་ཐོག་མར་ནེ་ཐ་ཉི་ཡ་ཧུའུ་བརྒྱུད་ནས་དབྱི་སི་རལ་གྱི་ཙུང་ཐུང་ཕེ་ལོས་སི་ལ་བརྩེ་བའི་འཚམས་འདྲི་མཛད། ཁོང་གིས་གསུངས་རྒྱུར། ཙུང་ལི་ནེ་ཐ་ཉི་ཡ་ཧྲུའུ་ནི་འགན་འཁུར་ཡུན་ནང་དུ་ཐེངས་གཉིས་ལ་ཀྲུང་གོར་འཚམས་འདྲིར་ཡོང་བའི་དབྱི་སི་རལ་གྱི་ཙུང་ལི་ཡིན་པ་དང་། དེ་ལས་དབྱི་སི་རལ་སྲིད་གཞུང་དང་ཙུང་ལི་རང་ཉིད་ཀྱིས་ཀྲུང་གོ་དང་དབྱི་སི་རལ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་མཚོན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྱང་དེ་བཞིན་དུ་ཀྲུང་གོ་དང་དབྱི་སི་རལ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ཟེར།

  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཚེས8ཉིན་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཕན་འབྲས་ལྡན་པའི་གྲོས་མོལ་མཛད་པར་མ་ཟད་གནད་དོན་གང་མང་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁོས་ནེ་ཐ་ཉི་ཡ་ཧུའུ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་མུ་མཐུད་དུ་ལྟ་ཚུལ་བརྗེ་རེས་བྱེད་འདོད་ཡོད་ཟེར།

  ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་མ་འོངས་བར་དམིགས་ཏེ། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཕྱོགས་གཉིས་ཀྱིས་ད་དུང་འབྲེལ་ཡོད་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག