མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་ལ་སྨན་ཞབས་མི་སྣ་ས་ཡ2.5ཙམ་ཟིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས12ཉིན་གྱི་རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་འདིར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལི་པིན་གྱིས་སྤྱི་ཟླ5བའི་ཚེས8ཉིན་པེ་ཅིན་དུ་འཚོགས་པའི་རྒྱལ་སྤྱིའི་སྨན་ཞབས་དུས་ཆེན་གྱི་ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྨན་ཞབས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པས། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་ཞབས་ཁྱོན་ས་ཡ2.497ཟིན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཕྱིན་ཆད་སྨན་ཞབས་དཔུང་ཁག་འཛུགས་སྐྱོང་དང་། ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། བདག་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། སྨན་ཞབས་པའི་ཁེ་དབང་སྲུང་སྐྱོང་དང་། སྨན་ཞབས་པའི་དཔུང་ཁག་བརྟན་པོ་ཡོང་བ། ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་བ། སྨན་ཞབས་པའི་ཐོབ་ཐང་འགན་སྲུང་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབད་བརྩོན་ཆེན་པོས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་། ཕན་ནུས་ཆེ་བ། སྤུས་ཀ་ལེགས་པ་བཅས་ཀྱི་བདག་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག