མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ4པར་རང་རྒྱལ་གྱི་ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དུས་མཚུངས་ལས2.4%འཕར་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས9ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་སྤྱི་ཟླ4པའི་རྒྱལ་ཡོངས་ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་དུས་ཚུངས་ལས2.4%འཕར་བ་དང་འཕར་ཚད་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས0.3མང་རུ་ཕྱིན་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

ཚོད་རྩིས་བརྒྱབ་པར་གཞིགས་ན། སྤྱི་ཟླ4པའི2.4%ཡོད་པའི་ཡུལ་མིའི་འཛད་སྤྱོད་རིན་ཐང་དུས་མཚུངས་ལས་འཕར་བའི་རྒྱུ་རྐྱེན་བརྒྱ་ཆའི་གནས1དང་གསར་དུ་རིན་གོང་འཕར་བའི་རྒྱུ་རྐྱེན་བརྒྱ་ཆ་གནས1.4ཡིན་པ་རེད།

རིན་གོང་འགྱུར་ལྡོག་ནས་ཐོན་པའི་གནས་ཚུལ་གསར་ཤོས་ཀྱི་ཟླ་གོང་མའི་དུས་མཚུངས་ཀྱི་གྲངས་གཞིར་བལྟས་ཚེ། སྤྱི་ཟླ4པའི་རྒྱལ་ཡོངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་ཐང་གི་ཟླ་གོང་མའི་དུས་མཚུངས་ཀྱི་འཕར་ཚད་དེ0.2%འཕར་ཡོད། དེའི་ནང་། ཟས་རིགས་རིན་གོང་གི་ཟླ་གོང་མའི་དུས་མཚུངས་ཀྱི་འཕར་ཚད་དེ0.4%ཡིན་པ་རེད།

དེ་ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་ད་དུང་མངོན་པར། སྤྱི་ཟླ4པའི་རྒྱལ་ཡོངས་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་དུས་མཚུངས་ལས2.6%ཆག་པ་དང་། ཟླ་གོང་མའི་དུས་མཚུངས་ལས0.6%ཆག་ཡོད། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་ཉོ་སྒྲུབ་རིན་གོང་དུས་མཚུངས་ལས2.7%ཆག་པ་དང་ཟླ་བ་གོང་མ་ལས0.6%ཆག་པ། སྤྱི་ཟླ1པོ་ནས4བར་ཆ་སྙོམས་རྒྱལ་ཡོངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་ཐང་དུས་མཚུངས་ལས2%ཆག་པ་དང་། བཟོ་ལས་ཐོན་སྐྱེད་བྱེད་མཁན་ཉོ་སྒྲུབ་རིན་གོང་དུས་མཚུངས་ལས2.1%ཆག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག