མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་ཡིས་དྲུག་གཅིག་གི་བྱེད་སྒོ་སྣ་ཚོགས་གྲ་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་དྲུག་གཅིག་རིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་ཡིས་སྤྱི་ལོ2013ལོའི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། བྱིས་པ་ཚོས་སྤྲོ་སྣང་ལྡན་ལ་དོན་སྙིང་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་རྒྱུ་ཡིན་པ་རེད།

སྤྱི་ཟླ5བའི་ཚེས9ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲའོ་ཏུང་ཧྭ་ཡིས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་བྱིས་པའི་བདེ་ཐང་འཚར་ལོངས་ལ་ཕན་ཐོགས་ཡོད་པ་དང་། དེ་བཞིན་དུས་ཆེན་དགའ་གཏོང་བྱེད་པའི་སྤྱི་ཚོགས་རིག་གནས་ཁོར་ཡུག་སྐྲུན་ཐོག རིགས་ཁག་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། དངོས་མང་བཤམས་སྟོན་ཁང་། འགྲེམས་སྟོན་ཁང་སོགས་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་གྱིས་འབྲེལ་ཡོད་གཏན་འབེབས་ལྟར་བྱིས་པར་རིན་པ་མི་དགོས་པར་སྒོ་ཕྱེ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་རིགས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སྤྱི་ཚོགས་ལག་ལེན་རྟེན་གཞིས་སློབ་མར་སྒོ་ཕྱེ་རྒྱུ་སྒྲིག་འཛུགས་བྱེད་པ། དྲ་སྦྲེལ་དང་། དྲ་ཁང་། སྒྲ་བརྙན། དཔར་སྐྲུན་ཁྲོམ་རྭ། དེ་བཞིན་སློབ་གྲྭའི་མཐའ་ཁོར་གྱི་ཁོར་ཡུག་བཅས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

དེ་མིན། རྒྱལ་ཁབ་སྤུས་ཚད་སྤྱི་ཁྱབ་ཅུད་ཀྱིས་བྱིས་པའི་རྒྱུན་སྤྱོད་དངོས་པོའི་སྤུས་ཚད་རིམ་སྤར་བྱེད་སྒོ་སྤེལ་ཏེ། བྱིས་པའི་རྒྱུན་སྤྱོད་དངོས་པོར་ཁྱོན་ཡོངས་ནས་སྤུས་ཚད་ཞིབ་བཤེར་ནན་པོ་བྱེད་རྒྱུ་དང་། བྱིས་པའི་རྒྱུན་སྤྱོད་དངོས་ཟོག་རྫུན་མ་དང་སྤུས་ཞན་བཟོ་བ་དང་འཚོང་བའི་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།

དེ་བཞིན། དྲུག་གཅིག་རིང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་སོགས་སྡེ་ཁག་གིས་ཕུལ་བྱུང་བྱིས་པའི་གླུ་གཞས་ཁག་ཅིག་འདོན་རྒྱུ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་གཞོན་ནུ་ལོ་ཆུང་ཚོར་ཕུལ་བྱུང་དཔེ་དེབ100འོས་སྦྱོར་བྱེད་རྒྱུ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་དྲུག་གཅིག་གི་བརྗོད་དོན་གཙོ་བོའི་མཚན་ཚོགས་འཚོགས་ཏེ། འབད་བརྩོན་ཆེན་པོས་བྱིས་པ་ཚོར་དུས་ཆེན་དགའ་གཏོང་བྱ་རྒྱུའི་ཆ་རྐྱེན་དང་ཁོར་ཡུག་ཡག་པོ་སྐྲུན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག