མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2012ལོར་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར2.2བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ2012ལོར་རྒྱལ་ཡོངས་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར2.2ཟིན་ནས། དུས་བཀག་ལྟར་སློབ་གསོའི་འཆར་འགོད་རྩ་གནད་ཅེས་པའི་ནང་བཏོན་པའི་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གཏོང་སྒོས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི4%ཟིན་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་པ་རེད།

འོས་འགན་སློབ་གསོ་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བའི་ཐད་སྤྱི་ལོ2012ལོར་ཀྲུང་དབྱང་ནོར་སྲིད་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་སྒྲིག་གཞི་སྒྱུར་བཅོས་ལ་མ་དངུལ་སྒོར་དུང་ཕྱུར865.4བཏང་བ་དང་། རྒྱལ་ཡོངས་ཀྱི་སློབ་མ་དུང་ཕྱུར1.2ལ་སློབ་ཡོན་ཙག་ཙིག་དང་སློབ་དེབ་ཀྱི་རིན་པ་མི་བསྡུ་རྒྱུའི་སྲིད་ཇུས་ལོངས་སྤྱོད་བྱེད་རྒྱུ་བྱུང་བ་དང་། དབུས་ནུབ་རྒྱུད་ས་ཁུལ་དུ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཞག་སྡོད་སློབ་མ་བྱེ་བ1.333ལ་རོགས་རམ་བྱས་པ་དང་། དུས་མཚུངས་སུ་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར180.14བཏང་ནས། གྲོང་གསེབ་ཀྱི་ཆ་རྐྱེན་ཞན་པའི་སློབ་གྲྭར་དཔེ་དེབ་དང་། རྒྱང་ཁྲིད་སློབ་གསོའི་སྒྲིག་ཆས་སོགས་ཆ་སྦྱོར་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་མ་དངུལ་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོ་གཞུང་དྲང་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་སྤྱི་ལོ2012ལོའི་སྟོན་ཀའི་སློབ་དུས་ནས་བཟུང་ཀྲུང་དབྱང་ནོར་སྲིད་ནས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཆག་ཡང་གཏོང་བའི་ཁྱབ་ཁོངས་དེ་གྲོང་གསེབ་ཀྱི་སློབ་མ་ཡོང་བར་རྒྱ་ཆེར་བཏང་བ་དང་། སྤྱི་ལོ2012ལོའི་སྟོན་ཀའི་སློབ་དུས་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར10བཏང་ནས་ཞིབ་འཇུག་སློབ་མར་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་བཀོད་སྒྲིག་བྱས་ཏེ། ལོ་ལྟར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་འབུམ་རམས་པ་ཁྲི1དང་། རབ་འབྱམས་པ35000ལ་བྱ་དགའ་སྤྲད་ཡོད་པ་རེད། སྤྱིར་བཏང་གི་མཐོ་རིམ་སློབ་འབྲིང་དུས་མཚམས་ལ་རྒྱལ་ཁབ་ནས་སློབ་རོགས་དངུལ་སྒོར་དུང་ཕྱུར46.6བཏང་བ་དང་། སློབ་མ་ས་ཡ4.91ལ་རོགས་རམ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག