མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཧྥེ་ལི་ཕིན་གྱི་མིས་ཐེ་ཝན་གྱི་ཉྭ་བ་ཞིག་ལ་མེ་མདས་བརྒྱབ་ནས་བསད་པའི་གདུག་རྩུབ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་ངེས་ཡིན་ཞེས་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིན་གྱིས་སྤྱི་ཟླ5བའི་ཚེས9ཉིན་ཧྥེ་ལི་ཕིན་གྱི་མི་སྣས་ཐེ་ཝན་གྱི་ཉྭ་བ་ཞིག་ལ་མེ་མདས་བརྒྱབ་ནས་བསད་པའི་དོན་རྐྱེན་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དོན་རྐྱེན་དེ་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པར་མ་ཟད། ཐེ་ཝན་གྱི་ཉྭ་བ་ཞིག་ལ་མེ་མདས་བརྒྱབ་ནས་བསད་པའི་གདུག་རྩུབ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་ངེས་ཡིན་ཟེར།

གསར་འགོད་པས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ5བའི་ཚེས9ཡི་ཉིན་གྱི་སྔ་དྲོར་ཐེ་ཝན་གྱི་ཉྭ་འཛིན་གྲུ་གཟིངས་ཤིག་གིས་ཨི་ལོན་པུས་ནས་ཤར་ལྷོ་ཕྱོགས་སུ་མཚོ་ལེ170ཡོད་པའི་མཚོ་ཁོངས་སུ་བྱ་བ་སྒྲུབ་སྐབས་ཧྥེ་ལི་ཕིན་གྱི་མི་ཡིས་མེ་མདས་བརྒྱབ་ནས་ཉྭ་བ་ཞིག་བསད་པ་དེར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་བརྗོད་ག་འདྲ་སྤེལ་རྩིས་ཡོད་ཅེས་དྲིས་པ་ན། ཧྭ་ཁྲུང་དབྱིན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དེ་ལ་ཧ་ཅང་ཡིད་འཇོག་བྱེད་ཀྱིན་ཡོད་པར་མ་ཟད་ཐེ་ཝན་གྱི་ཉྭ་བ་ཞིག་ལ་མེ་མདས་བརྒྱབ་ནས་བསད་པའི་གདུག་རྩུབ་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ལི་ཕིན་ཕྱོགས་ཀྱིས་དོན་རྐྱེན་དེ་ལ་མྱུར་དུ་ཞིབ་བཤེར་བྱེད་དགོས་པར་མ་ཟད་ཀྲུང་གོ་ཕྱོགས་ལ་གསལ་བཤད་གསལ་བོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ང་ཚོས་མེ་མདས་བརྒྱབ་ནས་བསད་པའི་ཐེ་ཝན་སྤུན་ཟླ་ལ་མྱ་ངན་ཞུ་བ་དང་མཉམ་དུ་ཁོའི་ཁྱིམ་མི་ལ་འཚམས་འདྲི་ཞུ་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག