མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་སྤྱི་ལོ2013ལོའི་མཐོ་རིམ་སློབ་རྒྱུགས་ཀྱི་དྲ་ཐོག་འདྲི་རྩད་དུས་ཚོད་རེའུ་མིག་སྤྱི་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-09 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུས་སྤྱི་ལོ2013ལོའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་མ་བསྡུ་བ་དྲ་ཚིགས་ཐོག་འདྲི་རྩད་བྱེད་པའི་གཟའ་འཁོར་གྱི་བྱེད་སྒོ་དེ་སྤྱི་ཟླ5པའི་ཚེས8ཉིན་འོད་སྣང་མཐོ་རིམ་སློབ་རྒྱུགས་ཆ་འཕྲིན་སྟེགས་བུའི་ཐོག་དངོས་སུ་འགོ་ཚུགས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ས་གནས་ཁག་གི་སློབ་མས་དང་བླངས་པར་མིང་ཐོ་འགོད་པའི་དུས་ཚོད་བཀོད་སྒྲིག་ལ་གཞིགས་ཏེ། ད་ལོའི་དྲ་ཐོག་འདྲི་རྩད་བྱེད་སྒོ་དེ་དུས་རིམ་གསུམ་ལ་དབྱེ་ནས་གཉེར་རྒྱུ་ཡིན་པ་སྟེ། དུས་རིམ་དང་པོ་ནི་སྤྱི་ཟླ5པའི་ཚེས8ཉིན་ནས10ཉིན་བར་དང་། དུས་རིམ་གཉིས་པ་ནི་སྤྱི་ཟླ6པའི་ཚེས10ཉིན་ནས་ཚེས14ཉིན་བར། དུས་རིམ་གསུམ་པ་ནི་སྤྱི་ཟླ6པའི་ཚེས24ཉིན་ནས་ཚེས28ཉིན་བར་བཅས་ཡིན་ཞིང་། ཉིན་རེའི་འདྲི་རྩད་བྱེད་པའི་དུས་ཚོད་ནི་ཆུ་ཚོད9པ་ནས་ཆུ་ཚོད17བར་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག