མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཟླ4བར་རང་རྒྱལ་གྱི་ཕྱིར་གཏོང་དུས་མཚུངས་དང་བསྡུར་ན14.7%འཕར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-09 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས8ཉིན་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ཟླ4བར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་བྱས་པ་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་3559.6ཟིན་པ་དང་། དངུལ་བརྗེ་འཛའ་ཐང་འཐེན་པ་ཕུད་དུས་མཚུངས་དང་བསྡུར་ན15.7འཕར་ཡོད། དེའི་ནང་ཕྱིར་གཏོང་ཨ་སྒོར་དུང་ཕྱུར1870.6ཟིན་པ་དང་། ནང་འདྲེན་བྱས་པ་ཨ་སྒོར་དུང་ཕྱུར1689ཟིན་པས་ཁག་སོ་སོར14.7%དང16.8%འཕར་ཡོད།

འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱི་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་སྤྱི་ཟླ1པོ་ནས4བའི་བར་རང་རྒྱལ་གྱིས་སྔ་ཕྱི་སྡེབ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་བྱས་པ་ཨ་སྒོར་དུང་ཕྱུར13307.5ཟིན་པས་དངུལ་བརྗེ་འཛའ་ཐང་འཐེན་པ་ཕུད་དུས་མཚུངས་དང་བསྡུར་ན14%འཕར་ཡོད་པ་རེད། སྤྱི་ཟླ1པོ་ནས4པའི་བར་རང་རྒྱལ་གྱི་སྤྱིར་བཏང་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱས་པ་ཨ་སྒོར་དུང་ཕྱུར6678.9ཟིན་པས་དུས་མཚུངས་དང་བསྡུར་ན8.2%འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག