མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-09 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས7ཉིན་པེ་ཅིན་གྲོང་ཁྱེར་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཀྱིས་པེ་ཅིན་གྲོང་ཁྱེར་གྱི་གླ་གཏོང་རླངས་འཁོར་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུ་དང་འབར་སྣུམ་གྱི་ཟུར་སྣོན་རིན་གོང་ལེགས་སྒྲིག་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུའི་ཉན་དཔང་ཇུས་གཞི་ཡོངས་བསྒྲགས་བྱས་ཡོད་པ་རེད།

ད་རེས་ཁྱོན་ཉན་དཔང་ཇུས་གཞི་ཆ་ཚང་གཉིས་ཡོད་ཅིང་། ཉན་དཔང་ཇུས་གཞི་དེ་གཉིས་ཀའི་ནང་། གཞི་རྩའི་རིན་གོང་ཚད་གཞི་སྤྱི་ལེ3རེར་སྒོར10ནས་སྤྱི་ལེ3རེར་སྒོར13བར་མཐོ་རུ་བཏང་ཡོད་པ་དང་། འབར་རྒྱུའི་ཞོར་གཏོགས་རིན་གོང་སྤྱི་ལེ3ཡན་འགྲོལ་ན་སྒོར3རེ་བསྡུ་བ་ནས་ལམ་ཐག་ཧྲིལ་པོར་སྒོར1བསྡུ་རྒྱུར་ལེགས་སྒྲིག་བྱས་ཡོད་པ་རེད།

ཇུས་གཞི་གཉིས་ཡོད་པ་ལས་ཇུས་གཞི་དང་པོའི་ཚད་གཞིར་གཞིགས་ན། དེ་སྔའི་སྤྱི་ལེ་རེར་སྒོར2ཡིན་པ་ནས་སྒོར2.3ལ་ལེགས་སྒྲིག་བྱ་རྒྱུ་དང་། དེ་སྔ་སྒོར2.3ཡིན་པ་ནས་སྒོར2.6ལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

པེ་ཅིན་གྲོང་ཁྱེར་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་སུས་ཧྥང་གིས་སྤྱི་ལོ2006ལོ་ནས་ད་བར་པེ་ཅིན་གྲོང་ཁྱེར་གྱིས་གླ་གཏོང་རླངས་འཁོར་གྱི་རིན་གོང་ལེགས་སྒྲིག་ཐེངས་བདུན་བྱས་ཡོད། ད་རེས་ལེགས་སྒྲིག་བྱས་རྗེས་རིན་གོང་གི་ཚད་བཀག་ནུས་པར་བརྟེན་ནས་གླ་གཏོང་རླངས་འཁོར་གཏོང་མཁན་གྱི་ཧུར་སེམས་ཆེ་རུ་གཏོང་རྒྱུ་དང་། གླ་གཏོང་རླངས་འཁོར་བཀག་ཁག་པའི་སྣང་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་རེད་ཅེས་གསུངས་འདུག

ཉན་དཔང་གི་ཇུས་གཞིའི་ནང་། ད་རེས་ལེགས་སྒྲིག་བྱས་པ་ལས་བྱུང་བའི་ཐོབ་ཆ་ཚང་མ་གླ་གཏོང་རླངས་འཁོར་གྱི་གཏོང་མཁན་གྱི་ཡོང་འབབ་ཐད་བཏང་ནས་སྐྱེལ་འདྲེན་གྱི་ཁེ་གཉེར་བརྒྱུད། ཁ་ལོ་བའི་ལུགས་མཐུན་གྱི་ཐོབ་ཆ་མང་དུ་གཏོང་རྒྱུར་སྐུལ་མ་ཐེབས་པ་བྱ་རྒྱུ་དང་། ཧེ་བག་ཡོད་པའི་རིན་གོང་སྲིད་ཇུས་བེད་སྤྱད་ནས་གླ་གཏོང་རླངས་འཁོར་འགྲིམ་འགྲུལ་འགག་ཆེ་བའི་དུས་གླ་གཏོང་རླངས་འཁོར་གཞུང་ལམ་ཐོག་དོན་ནས་ཁེ་གཉེར་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ་དང་། གླ་གཏོང་རླངས་འཁོར་གྱི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག