མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲུང་ཆིན་གྱིས་སྒྲིག་ཁྲིམས་ལྟར་སྐྱུག་དྲོ་བའི་བརྙན་མཐོང་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ21ལ་ཆད་པ་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས7ཉིན་གསར་འགོད་པས་ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིན་གྲོང་ཁྱེར་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་ལྟ་ཞིབ་ཅུད་ཀྱིས་སྐྱུག་དྲོ་བའི་བརྙན་མཐོང་དང་འབྲེལ་བ་ཡོད་པའི་ལའི་ཀྲེང་ཧྥུ་སོགས་ཁྲིམས་འགལ་ཏང་ཡོན་ལས་བྱེད་པ21ཐག་གཅོད་བྱས་ཡོད་པ་རེད།

དེའི་ནང་། ལའི་ཀྲེང་ཧྥུ་ཏང་ནས་ཕྱིར་འབུད་བྱ་རྒྱུ་དང་། གཞུང་གི་ལས་འགན་ཕོག་རྒྱུའི་ཆད་པ་གཅོད་བཟོ་ཡོད་པ་དང་། ཁོ་པའི་ཉེས་བསགས་དོགས་ཡོད་གནད་དོན་ནི་འདི་ལོའི་སྤྱི་ཟླ1པོར་ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་ཅིང་། མིག་སྔར་ཞིབ་དཔྱོད་ལས་ཁུངས་ནས་འདྲི་ཞིབ་དང་ཞུ་གཏུག་བྱེད་བཞིན་པའི་སྒང་ཡིན། ནན་ཨན་ཁུལ་གྱི་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཤ་ཙེ་ལེང་ཁྲིམས་འཛིན་ལས་ཁུངས་ནས་གྱོད་དོན་གཞན་ཞིག་གི་ཐོག་ནས་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད་པ། གྲང་ཧྲའུ་ཁུལ་གྱི་འགོ་འཛིན་གཞོན་པ་ཧན་ཧྲུའུ་མིང་ལ་དཔལ་འབྱོར་གནད་དོན་ཚབས་ཆེན་ཡོད་པའི་དོགས་པ་ཡོད་པས་སྒྲིག་འཛུགས་ནས་བརྟག་དཔྱད་བྱེད་པར་དང་ལེན་བྱེད་བཞིན་ཡོད། གཞན་ཡང་ཏང་ཡོན་ལས་བྱེད་པ18ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ལས་ཚབས་ཆེན་བརྒལ་བའི་རྐྱེན་གྱིས་ཁག་སོ་སོར་ཏང་ནང་ཁུལ་གྱི་ཐ་ཚིག་དང་། ཐ་ཚིག་ནན་པོ་བཏང་བ་སོགས་ཀྱི་སྒྲིག་ཁྲིམས་ཆད་པ་ཕོག་ཡོད་ཅིང་། འབྲེལ་ཡོད་གོ་རིམ་ལག་བསྟར་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག