མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་ཨུན་ཏེ་ཡ་ཡེ་ཡིས་ཁྲིད་པའི་སེ་ནེ་ཀལ་སྤྱི་མཐུན་བརྩོན་ལེན་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

111.jpg

  སྤྱི་ཟླ5བའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཨུན་ཏེ་ཡ་ཡེ་ཡིས་ཁྲིད་པའི་སེ་ནེ་ཀལ་སྤྱི་མཐུན་བརྩོན་ལེན་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་སྤྱི་ཟླ5བའི་ཚེས8ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེ་ནེ་ཀལ་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཙུང་ཐུང་བཞུགས་ཤག་གི་རྒྱལ་སྲིད་པུའུ་ཀྲང་ཨུན་ཏེ་ཡ་ཡེ་ཡིས་ཁྲིད་པའི་སེ་ནེ་ཀལ་སྤྱི་མཐུན་བརྩོན་ལེན་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་ཀྲུང་གོའི་རྒྱལ་ནང་གི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་གསུངས་རྒྱུར། ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གནད་འགག་ནི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མགོ་ཁྲིད་བྱས་ཏེ་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་དེ་ཡིན། ང་ཚོས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གསར་སྐྲུན་དངོས་གཉེར་རྒྱུན་འཁྱོངས་བྱས་ནས། ཏང་ནི་གསར་སྐྲུན་གྱི་གསོན་ཤུགས་ལྡན་པའི་སྟོབས་ལྡན་མགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས་ཟེར།

  ཨུན་ཏེ་ཡ་ཡེ་ཡིས་བཤད་རྒྱུར། སེ་ནེ་ཀལ་གྱིས་བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་དང་ཀྲུང་གོའི་སྲིད་འཛིན་ནུས་པར་ཁས་ལེན་པར་མ་ཟད། ཏང་བར་གྱི་རྒྱལ་བཅོས་སྲིད་སྐྱོང་ཐད་ནས་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག