མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་གཉིས་པའི་འཛམ་གླིང་གཞུང་ལམ་བདེ་འཇགས་གཟའ་འཁོར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་གཉིས་པའི་འཛམ་གླིང་གཞུང་ལམ་བདེ་འཇགས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོ་སྤྱི་ཟླ5བའི་ཚེས6ཉིན་པེ་ཅིན་དུ་གཉེར་ཡོད་པ་རེད། ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁྲུའི་གཞུང་ལམ་བདེ་འཇགས་རྒྱལ་ཁབ10ཡི་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། འཛམ་གླིང་ཧྲིལ་པོར་ལོ་ལྟར་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་མི་ས་ཡ1.3རྐྱེན་ལམ་དུ་ཤོར་གྱི་ཡོད་པ་དང་། དེའི་ཁྲོད་རྐང་ཐང་དུ་འགྲོ་མཁན་མིས་ལོ་ལྟར་འཛམ་གླིང་ཧྲིལ་པོར་གཞུང་ལམ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱི་བཞི་ཆ་གཅིག་ཟིན་གྱི་ཡོད་པ་རེད། མིག་སྔར། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་དེ་འཛམ་གླིང་ཧྲིལ་པོར་མི་སྣ་ཤི་བའི་རྒྱུ་རྐྱེན་ཆེ་བ་ཨང་བརྒྱད་པར་གྱུར་ཡོད། གལ་སྲིད་བྱ་སྤྱོད་མ་བཟུང་ཚེ། སྤྱི་ལོ2020ལོར་སླེབས་སྐབས་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ནང་སྔོན་རྩིས་བྱས་ན་ལོ་ལྟར་མི་བྱེ་བ1.9རྐྱེན་ལམ་དུ་ཤོར་རྒྱུ་ཡིན་པ་རེད།

སྤྱི་ཟླ5པའི་ཚེས6ཉིན་ནས་ཚེས12བར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་གཉིས་པའི་འཛམ་གླིང་ཧྲིལ་པོའི་གཞུང་ལམ་བདེ་འཇགས་གཟའ་འཁོར་ཡིན་པ་དང་། སྐབས་འདིའི་བདེ་འཇགས་གཟའ་འཁོར་གྱི་བརྗོད་བྱ་གཙོ་བོ་ནི་རྐང་ཐང་དུ་སྐྱོད་མཁན་མིའི་བདེ་འཇགས་ཞེས་པ་དེ་ཡིན། དེ་ནི་སྤྱི་དམངས་ནས་རྐང་ཐང་དུ་འགྲོ་མཁན་མིའི་བདེ་འཇགས་ལ་དོ་ཁུར་བྱེད་ཚད་མཐོ་རུ་གཏོང་བ་དང་། རྐང་ཐང་དུ་འགྲོ་མཁན་མིར་གཞུང་ལམ་འགྲིམ་འགྲུལ་གྱི་གནོད་འཚེ་ཕོགས་ཚད་ཉུང་དུ་གཏོང་ཆེད་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཤི་བ་དང་རྨས་སྐྱོན་ཕོགས་པའི90%ཡན་ནི་ཡོང་འབབ་དམའ་བ་དང་ཡོང་འབབ་འབྲིང་བའི་རྒྱལ་ཁབ་དུ་ཐོན་གྱི་ཡོད། ཀྲུང་གོའི་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྡོམ་རྩིས་བརྒྱབ་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ2011ལོར་ཀྲུང་གོའི་འགྲིམ་འགྲུལ་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ཁྲོད། རྐང་ཐང་དུ་འགྲོ་མཁན་གྱི་མིས25.15%ཟིན་གྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག