མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རེ་སྐོར་གསར་པའི་ཀུའེ་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀུའེ་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཡོད་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁྱེར་བརྒྱད་ཀྱིས་ཀུའེ་ཀྲོའུ་ཡི་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པའི་ཚོགས་འདུ་སྤྱི་ཟླ5བའི་ཚེས7ཉིན་ཀུའེ་ཡང་དུ་སྐོང་འཚོགས་བྱས་ཡོད་པ་དང་། དེས་རྒྱལ་ཁབ་ཀྱི་རེ་སྐོར་གསར་པའི་ཀུའེ་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།

རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས། ཤར་ནུབ་དབུལ་སྐྱོར་རོགས་ལས་དང་བསྡུར་ན། རེ་སྐོར་གསར་པའི་ཀུའེ་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ནང་དོན་དང་ཆ་རྐྱེན་ལ་འགྱུར་བ་གཏིང་ཟབ་ཕྱིན་ཡོད་པ་དང་། རོགས་སྐྱོར་བྱེད་པའི་ནང་དོན་ཐད། རོགས་སྐྱོར་མ་དངུལ་གྱི་འབོར་གྲངས་དེ། རོགས་སྐྱོར་བྱེད་མཁན་གྲོང་ཁྱེར་རེས་ལོ་ལྟར་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་བྱེ་བ3ལས་མཐོ་དགོས་པ་གསལ་སྟོན་བྱས་ཡོད། ཁ་གཏད་འབྲེལ་བའི་ཐད། གྲོང་ཁྱེར་གཅིག་གིས་གྲོང་ཁྱེར་རམ་ཁུལ་གཉིས་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནས་གྲོང་ཁྱེར་གཅིག་གིས་གྲོང་ཁྱེར་རམ་ཁུལ་གཅིག་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད ། རོགས་སྐྱོར་ཁྲིད་སྟོན་ཐད། ཐོན་ལས་མཉམ་ལས་ལ་དེ་བས་མཐོང་ཆེན་བྱས་ཡོད། རོགས་སྐྱོར་བྱེད་མཁན་གྲོང་ཁྱེར་ཁག་གིས་ཀུའེ་ཀྲོའུ་ཡི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཟིན་པའི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བར་དམ་པོར་གཞིགས་ནས། དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་ལག་རྩལ་སྤེལ་རེས་མཉམ་ལས་བྱེད་པ། ལས་བྱེད་པ་དང་ཤེས་ལྡན་པའི་མི་སྣའི་གསོ་སྐྱོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་བཞི་ལས་དོན་གྱི་གཙོ་གནད་ཐོག་བཞག་སྟེ། ཀུའེ་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག