མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཡོན་ཁྲའོ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་པེ་ཅིན་དུ། སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་མ་ཕེ་ལས་སྣེ་ཁྲིད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་གི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་ཡོད་པ་རེད།

ལི་ཡོན་ཁྲའོ་ཡིས་མ་ཕེ་ལས་སི་ཁྲོན་ལུའུ་ཧྲན་ལ་ས་ཡོམ་བརྒྱབ་པར་མཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་གིས་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཨ་ཧྥེ་རི་ཁ་ལྷོ་མའི་གུང་ཁྲན་ཏང་བར་ཏང་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག