མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་ལྔ་བའི་ལམ་ཐིག་རྩད་ཞིབ་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་ལྔ་བའི་ནུབ་མཚམས་ལམ་ཐིག་རྩད་ཞིབ་ལས་འགན་ལེགས་གྲུབ་ཟིན་པས། ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་སྙན་ཞུ་བཟོ་བར་རྨང་གཞི་བཏིང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ནུབ་རླངས་ཤར་འདྲེན་གྱི་སྦུག་ལམ་ཁ་ཤས་བེད་སྤྱོད་གཏོང་འགོ་ཚུགས་རྗེས། ནུབ་རྒྱུད་ཀྱི་རང་བྱུང་རླངས་ཐོན་ཁུལ་དང་། ཨེ་ཤ་ཡ་དབུས་མ་ནས་ནང་འདྲེན་བྱས་པའི་རང་བྱུང་རླངས་དང་ཤར་རྒྱུད་ཀྱི་མཛད་སྤྱོད་ཁྲོམ་ར་འབྲེལ་མཐུད་ཐུབ་ཡོད་པས། རང་རྒྱལ་གྱི་ནུས་པའི་འབྱུང་ཁུངས་སྐྱེལ་འདྲེན་བྱེད་པའི་སྦུག་ལམ་གཙོ་བོར་འགྱུར་རྒྱུ་ཡིན་པ་རེད། མིག་སྔར། ནུབ་རླངས་ཤར་འདྲེན་གྱི་ལམ་ཐིག་བཞི་པ་དང་ལྔ་པའི་འཛུགས་སྐྲུན་ཇུས་གཞི་འཆར་འགོད་བྱེད་བཞིན་ཡོད་པ་དང་། རང་བྱུང་རླངས་ཀྱི་འབྱུང་ཁུངས་ནི་ཤིན་ཅང་ཐ་ལི་མུ་སྣུམ་ཞིང་དང་། རྡོ་སོལ་ལས་བཟོས་པའི་རང་བྱུང་རླངས། ཨེ་ཤ་ཡ་དབུས་མ་ནས་ནང་འདྲེན་བྱས་པའི་རང་བྱུང་རླངས་བཅས་ཡིན་པ་དང་། སྐྱེལ་འདྲེན་ལམ་ཐིག་དེ་རྨ་ནུབ་དོག་ལམ་བརྒྱུད། ཀྲུང་ནན་ས་ཁུལ་དང་། ཡུན་ནན། ཀུའེ་ཀྲོའུ། ཧྥུའུ་ཅན། ཀོང་ཏུང་བཅས་ལ་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག