མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐད་ཆེད་དོན་ཞིབ་བཤེར་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས། ད་ལོའི་སྤྱི་ཟླ5བ་ནས་སྤྱི་ཟླ8པའི་བར་རྒྱལ་ཡོངས་སུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་དང་། དེ་ནི་མིག་སྔར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཁྲོད་གནས་པའི་གནད་དོན་དང་ཞན་ཆ་འཚོལ་ཞིབ་གཏིང་ཟབ་བྱས་ནས། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱེད་ཆེད་ཡིན་པ་རེད།

བརྡ་ཐོ་དེར་གཞིགས་ན། ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་ཁྲོད་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་ཞེས་པ་ལག་བསྟར་བྱེད་པའི་བསམ་འཆར་དང་། གཙོ་གནད་ལས་དོན་དང་ལས་འགན་ཁག་བགོས་བྱེད་པའི་ཇུས་གཞི། དེ་བཞིན་འབྲེལ་ཡོད་ཆ་སྒྲིག་བྱ་ཐབས་སམ་ལམ་ལུགས་བཅས་བཟོ་བའི་གནས་ཚུལ་དང་། ས་གནས་ཁག་གིས་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་བྱ་ཐབས་དང་ཉམས་མྱོང་། ས་གནས་ཁག་གི་མིག་སྔའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལས་དོན་ཁྲོད་གནས་པའི་གནད་དོན་གཙོ་བོ་དང་། གོམ་སྟབས་རྗེས་མའི་དུས་བབ་ལ་དབྱེ་ཞིབ་བྱེད་པ་དང་དེ་བཞིན་ལས་དོན་ལེགས་བཅོས་ཀྱི་བྱ་ཐབས་གྲོས་འགོ་སོགས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག