མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གུང་གཞོན་ཚོགས་པ་ཀྲུང་དབྱང་སོགས་ཀྱིས་ལས་རིགས་སོ་སོའི་ན་གཞོན་འཐུས་མི་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ལྔ་བཞིའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:08

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས5ཉིན། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལས་རིགས་སོ་སོའི་ན་གཞོན་འཐུས་མི་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ལྔ་བཞིའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། ན་གཞོན་རྣམས་ཀྱིས་དུས་རབས་ཀྱི་འཕེལ་རྒྱས་དང་ལས་དོན་གྱི་རེ་བ་དང་མཐུན་པར་བྱེད་པའི་བྱང་ཚད་དང་ནུས་པ་ཇི་ལྟར་ཇེ་ཆེར་གཏོང་བའི་ཐད་ནས་གྲོས་བསྡུར་བྱས་པ་དང་། འཐུས་མི་རྣམས་ཀྱིས་རང་རང་གི་བྱ་བ་དང་སློབ་སྦྱོང་ལ་འབྲེལ་ནས་ངོས་ཟིན་དང་མྱོང་ཚོར་ལྷུག་པོར་བརྗོད། ཀྲུང་གོ་ས་གཤིས་སློབ་གྲྭ་ཆེན་མོ་སོགས་རྒྱལ་སའི་མཐོ་རིམ་སློབ་གྲྭས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ནས་སློབ་སྦྱོང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག