མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གི་ལས་ཞུགས་བྱེད་ཚད་ལོ10ཡི་ནང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་ཐ་ཁྲེང་གྲོང་ཁྱེར་གེ་རུ་ལིན་སྐྱེ་ཁམས་ཞིང་འབྲོག་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་གཉེར་རོང་ཞིས་སྤྱི་ལོ2009ལོར་སློབ་ཆེན་ཐོན་རྗེས། སྐྱེ་ཁམས་གསབ་སྤྲོད་ཀྱི་འབོར་གྲངས་ཉུང་བའི་དངུལ་བུན་གཡར་ནས་བྱ་གཞག་གསར་གཏོད་བྱས་ཡོད། ན་ནིང་སྤྱི་ཟླ3པར། ཁོང་གིས་ཐོ་འགོད་མ་དངུལ་སྒོར་འབུམ5ཡི་ཐོག་ནས་གེ་རུ་ལིན་སྐྱེ་ཁམས་ཞིང་འབྲོག་ལས་གསར་སྤེལ་ཀུང་སི་བཙུགས་ཡོད་པ་མ་ཟད། སློབ་ཆེན་སློབ་མ་ཁག་གཅིག་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད་པ་རེད།

རོང་ཞི་ནི་ལས་ཞུགས་ཟུར་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་དང་། ལྷག་པར་དུ་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཚུན། རོང་ཞི་དང་འདྲ་བའི་མི་རིམ་བཞིན་མང་དུ་ཕྱིན་པ་དང་། དེའི་ཁྲོད་ལས་ཞུགས་བྱས་མེད་པའི་སློབ་གྲྭ་ཆེན་མོ་བ་དང་། ལས་ཞུགས་མེད་པའི་ཁྱིམ་ཚང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་བཅས་གཙོ་གནད་མི་ཚོགས་རིགས་གསུམ་ཚུད་ཡོད་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་དེའི་ལས་ཞུགས་ལ་ཟུར་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དང་ཕན་པ་ལོངས་སྤྱོད་བྱེད་བཞིན་ཡོད་པ་རེད།

ལོ3ནང་ཤིན་ཅང་རང་སྐྱོང་ལྗོངས་དེ་ཡོངས་སུ་ལོ་དེ་རང་དུ་ཐོན་པའི་སློབ་གྲྭ་ཆེན་མོ་དང་ཆེད་ལས་སློབ་འབྲིང་གི་སློབ་ཐོན་སློབ་མ175000ལས་ཞུགས་བྱེད་པ་དང་། སྤྱི་ལོ2009ལོའི་ལོ་འཇུག་གོང་དེ་སྔོན་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེན་མོ་དང་ཆེད་ལས་སློབ་འབྲིང་གི་སློབ་ཐོན་སློབ་མ15000གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། ལོ་དེར་ཐོན་པའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལོ་མཇུག་ཏུ་ལས་ཞུགས་བྱེད་ཚད88.58%ཟིན་གྱི་ཡོད་པ་རེད། ཆེས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། རང་སྐྱོང་ལྗོངས་དེར་ལོ10ཡི་ནང་ཚུན་གྱི་ལས་ཞུགས་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པ་རེད། སྤྱི་ལོ2011ལོར་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱས་པའི་མི་གྲངས565600ཟིན་པ་དང་། ལོ10ཡི་ནང་ཚུན་ལས་ཞུགས་བྱས་པའི་མི་གྲངས་མང་ཤོས་ཀྱི་ལོ་ཞིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག