མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་ས་ཁོངས་འཆར་འགོད་དང་པོ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་བྱས་པའི་སུའུ་ནན་དེང་རབས་ཅན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་ལས་དོན་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སུའུ་ནན་དེང་རབས་ཅན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་འཆར་འགོད་ཞེས་པ་དངོས་སུ་པར་འགྲེམ་བྱས་ཡོད་པ་དང་། དེས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗོད་བྱ་གཙོ་བོ་བྱས་པའི་ས་ཁོངས་འཆར་འགོད་དང་པོ་དེ་དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་པ་མཚོན་ཡོད།

ཅང་སུའུ་ཡི་སུའུ་ནན་ས་ཁུལ་དུ་ནན་ཅིང་དང་། ཝུ་ཞི། ཁྲང་ཀྲོའུ། སུའུ་ཀྲོའུ། ཀྲེན་ཅང་བཅས་གྲོང་ཁྱེར་ལྔ་ཚུད་ཡོད་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད་པས། ཉེ་དུས་ཀྲུང་གོའི་མི་རིགས་བཟོ་ལས་དར་ས་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ཆེས་དར་རྒྱས་ཆེ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན། སུའུ་ནན་ཡི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། སྔོན་ལ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག