མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨའོ་མན་གྱིས་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5པའི་ཚེས4ཉིན་གྱི་ཆུ་ཚོད7དང་སྐར་མ45ཐོག ཨའོ་མན་གྱི་ཞི་དབན་ཧུའུ་ཐང་ཆེན་དུ་ཨའོ་མན་ཡོངས་ཀྱི་སློབ་གསོ་རིག་གཞུང་ལས་རིགས་ཀྱི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་རྒྱལ་དར་བསྒྲེང་བའི་མཛད་སྒོ་གཉེར་ཡོད་པ་དང་། སློབ་གྲྭ41དང་གཞོན་ནུའི་ཚོགས་པ28ནས་ཡོང་བའི་མི་སྟོང1ཙམ་གྱིས་རྒྱལ་དར་བསྒྲེང་བའི་མཛད་སྒོར་ཞུགས་ཡོད་པ་རེད།

ཨའོ་མན་སློབ་གསོ་དང་གཞོན་ནུ་ཅུས་ཀྱི་ཅུས་ཀྲང་ལེང་ལིས། ཁོང་ཚོས་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་གོ་སྐབས་ལ་བརྟེན་ནས། མུ་མཐུད་བྱེད་སྒོ་སྣ་ཚོགས་བརྒྱུད་སློབ་མ་དང་གཞོན་ནུའི་རྒྱལ་གཅེས་དང་ཨའོ་མན་ལ་གཅེས་པའི་བསམ་པ་གསོ་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དཔའ་ངར་ཞུམ་མེད་དང་འབད་འཐབ་ཡར་བརྩོན་གྱི་སྙིང་སྟོབས་རྒྱུད་འཛིན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། དེ་མིན། སྤྱི་ཟླ5པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པ་ནས་ཆུ་ཚོད22བར། ད་དུང“མི་རིགས་ཁག་གི་གཞོན་ནུ་ལག་གདེང་འབྲེལ། ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན”ཞེས་པའི་གཡག་རྔར་སྨོན་འདུན་ཞུ་བའི་བྱེད་སྒོ་སྤེལ་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག