མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤང་ཀང་གིས་སྐབས་དང་པོའི་ལྔ་བཞི་གཞོན་ནུའི་རོལ་དབྱངས་དུས་ཆེན་གཉེར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤང་ཀང་ཕྱིར་སྡོད་ཀྲུང་གོ་བའི་སྤྱི་ཁྱབ་ཚོགས་པའི་གཞོན་ནུ་ཨུ་ཡོན་ལྷན་ཁང་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ལྔ་བཞི་གཞོན་ནུའི་རོལ་དབྱངས་དུས་ཆེན་དེ་སྤྱི་ཟླ5བའི་ཚེས4ཉིན་གྱི་དགོང་མོ་ཤང་ཀང་དབུས་ནུབ་ཁུལ་གྱི་མཚོ་འགྲམ་གྲོང་ཁྱེར་ཁྲང་ལང་དུ་འཚོགས་པ་དང་ཤང་ཀང་དམིགས་བསལ་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལེའང་ཀྲེན་དབྱིང་དང་མང་ཚོགས་སྟོང་ཕྲག་གིས་མཉམ་དུ་རོལ་དབྱངས་མཚན་ཚོགས་དེ་གཟིགས་ཡོད་པ་རེད། འཁྲབ་སྟོན་རིང་གཙོ་གཉེར་བྱེད་མཁན་གྱིས་ཆེད་མངག་ལུའུ་ཧྲན་ལ་སྨོན་ལམ་ཞུ་བའི་ལྷུ་ཚིག་ཅིག་གཏོད་ནས་ཤང་ཀང་མི་དམངས་ཀྱིས་གནོད་འཚེ་ཕོག་ཁུལ་མི་དམངས་ལ་སེམས་ཁུར་བྱེད་ལུགས་མཚོན་པ་བྱས་པ་དང་ཤང་ཀང་མི་དམངས་ཀྱིས་གནོད་འཚེ་ཕོག་ཁུལ་གྱི་ཡོམ་འགོག་གནོད་སེལ་དང་ཁྱིམ་གཞིས་བསྐྱར་འཛུགས་བྱེད་རོགས་ཞུ་བའི་སྲ་ཞིང་བརྟན་པོའི་སེམས་ཤུགས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག