མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆིང་རྒྱལ་རབས་ཀྱི་རྒྱ་མཚོའི་ལོ་རྒྱུས་དཔྱད་གཞི་ལས་ཏེའོ་ཡུས་གླིང་ཕྲན་ཀྲུང་གོའི་མངའ་ཁོངས་ཡིན་པའི་དཔང་རྟགས་བཏོན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་པེའི་གནའ་བོའི་ཕོ་བྲང་དངོས་མང་བཤམས་རྫས་ཁང་གིས་སྤྱི་ཟླ5བའི་ཚེས3ཉིན་ཆིང་རྒྱལ་རབས་ཀྱི་རྒྱ་མཚོའི་ལོ་རྒྱུས་དཔྱད་གཞིའི་དམིགས་བསལ་འགྲེམ་སྟོན་བྱས་པ་དང་། བསྡོམས་པས་ཆིང་རྒྱལ་རབས་ཀྱི་དཔེ་ཚོགས་ཡིག་ཚགས125འགྲེམ་སྟོན་བྱས་པའི་ནང་། ཏེའོ་ཡུས་གླིང་ཕྲན་ནི་གནའ་སྔ་མོ་ནས་ཀྲུང་གོའི་མངའ་ཁོངས་ཡིན་པའི་དཔང་རྟགས་ཁུངས་བཙན་ཡིན་པ་བསྟན་ཡོད།

ལེའུ་ཆིའུ་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས་ཞེས་པའི་དེབ་ཐེར་ནང་། ཆིང་རྒྱལ་རབས་སྐབས་ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཚོམ་ནི་ཀྲུང་གོའི་སྔར་ཡོད་མངའ་ཁོངས་ཡིན་པ་མ་ཟད། ལེའུ་ཆིའུ་རྒྱལ་ཁབ་ལ་གཏོགས་ཀྱི་མེད། ཏེའོ་ཡུས་གླིང་ཕྲན་དང་ལེའུ་ཆིའུ་བར་གྱི་མཚོ་ཡུར་དེ་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཚོ་ཐོག་རྒྱལ་མཚམས་ཡིན་པ་མཐོང་ཐུབ།

ཧ་ཕོ་སིའི་དུས་དེབ་ཀྱིས་ཧྥ་རན་སིའི་ཡེ་ཤུའི་ཆོས་ལུགས་ཚོགས་པའི་ཆོས་པ་སུང་ཅུན་རུང་གི་ཀྲུང་གོའི་དྲན་འཆར་ཞེས་པར་གཞིགས་ནས་སྒྲིག་བཟོ་བྱས་པའི་ལེའུ་ཆིའུ་ཡི་ས་བཀྲ་ཞེས་པའི་ནང་། ཤར་ངོས་འཕྲེད་ཐིག་ཏུའུ་གྲངས139ནས་150བར་དང་། བྱང་ངོས་འཕྲེད་ཐིག་ཏུའུ་གྲངས23ནས31བར། ཧྥུ་ཅན་ཞིང་ཆེན་གྱི་ཐའེ་ཝན་དང་ལེའུ་ཆིའུ་བར་གྱི་མཚོ་ཁོངས་གླིང་ཚོམ་ལས། ཏེའོ་ཡུས་གླིང་ཕྲན་དང་དེའི་ཁོངས་གཏོགས་གླིང་ཚོམ་ནི་ལེའུ་ཆིའུ་རྒྱལ་ཁབ་ལ་གཏོགས་ཀྱི་མེད་པ་གསལ་བཏོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག