མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་མར་འཕྲིན་ལན་བསྐུར་ཏེ་དེང་རབས་ན་གཞོན་རྣམས་སྤོབས་པ་ཆེར་བསྐྱེད་སྒོས་དུས་རབས་ཀྱི་མདུན་དུ་བསྐྱོད་པའི་འབད་འཐབ་མཁན་དང་གསར་གཏོད་མཁན། བྱས་རྗེས་འཇོག་མཁན་བཅས་བྱེད་དགོས་པའི་སྐུལ་མ་བཏང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2012ལོའི་ཟླ6པའི་ཚེས19ཉིན་ཞི་ཅིན་ཕེན་པེ་ཅིན་སློབ་གྲྭ་ཆེན་མོར་ཕེབས་ནས་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བར་རྟོག་ཞིབ་མཛད་སྐབས། གནའ་རྫས་རྟེན་མཛོད་རིག་པའི་སློབ་གླིང་གི2009ལོའི་སློབ་མར་འཚམས་འདྲི་གནང་བར་མ་ཟད། ཁོ་ཚོར་ཆེད་ལས་སློབ་སྦྱོང་བཟང་བོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་མེས་རྒྱལ་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་། ལྔ་བཞིའི་ན་གཞོན་དུས་ཆེན་གྱི་སྔོན་ཏག་ཏག་ལ། སློབ་མའི་ཐོན་ཀྲི་པུའུ་ཡི་སློབ་མ་ཡོངས་ཀྱིས་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ལ་འཕྲིན་ཡིག་བསྐུར་ཏེ། ཁོ་ཚོའི་ལོ་གཅིག་རིང་གི་སློབ་སྦྱོང་དང་འཚོ་བ། བསམ་བློ་བཅས་ཀྱི་གནས་ཚུལ་དང་ལྷག་པར་དུ་ཀྲུང་གོའི་ཕུགས་འདུན་གྱི་ངོས་ཟིན་དང་མྱོང་ཚོར་སོགས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཡར་ཞུ་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཡང་བསྐྱར་ཁོ་ཚོར་སྐུལ་མ་ནན་མོ་གཏོང་དགོས་པའི་རེ་བ་བཏོན།

ད་ལོའི་ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་སློབ་གྲྭ་ཆེན་མོའི་གནའ་རྫས་རྟེན་མཛོད་རིག་པའི་སློབ་གླིང་གི2009ལོའི་སློབ་མ་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་ཕུགས་བསམ་དང་རེ་སྙེག་བརྟན་པོ་ཡོད་པར་ཁས་ལེན་གང་ལེགས་མཛད་པར་མ་ཟད། དེང་རབས་ན་གཞོན་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་སྤོབས་པ་ཆེར་བསྐྱེད་སྒོས་དུས་རབས་ཀྱི་མདུན་དུ་བསྐྱོད་པའི་འབད་འཐབ་མཁན་དང་གསར་གཏོད་མཁན། བྱས་རྗེས་འཇོག་མཁན་བཅས་བྱེད་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག