མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་ཁག་གིས་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཁེབས་ཚུལ་འཐུས་སྒོ་ཚང་དུ་བཏང་བ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-05 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་3ཉིན་རྩིས་བཤེར་ཧྲུའུ་ཡིས་སྤྱི་ལོ་2013ལོའི་སྤྱི་བསྒྲགས་ཨང་གཉིས་པ་ཁྱབ་བསྒྲགས་པ་དང་། རྫོང་1185ཡི་གྲོང་གསེབ་སློབ་གྲྭ་འབྲིང་ཆུང་ཁེབས་ཚུལ་ལེགས་སྒྲིག་གནས་ཚུལ་གྱི་ཆེད་དོན་རྩིས་བཤེར་བརྟག་དཔྱད་བྱས་འབྲས་ཡོངས་བསྒྲགས་བྱས་པ་རེད། རྩིས་བཤེར་ཧྲུའུ་ཡི་སྲིད་འཛིན་བྱ་གཞག་རྩིས་བཤེར་སིའི་འགོ་འཛིན་ལིའུ་ཀྲེང་ཅུན་གྱིས། སྤྱི་ལོ་2012ལོའི་ཟླ་བ་5པ་ནས་ཟླ་བ་8པའི་བར་རྩིས་བཤེར་ཧྲུའུ་ཡིས་ཞིང་ཆེན་27གྱི་ཁོངས་སུ་གཏོགས་པའི་རྫོང་1185ལ་སྤྱི་ལོ་2006ལོ་ནས་བཟུང་འོས་འགན་སློབ་གསོའི་དུས་རིམ་གྱི་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཁེབས་ཚུལ་ལེགས་སྒྲིག་གནས་ཚུལ་ཐད་ལ་ཆེད་དོན་རྩིས་བཤེར་བརྟག་དཔྱད་པ་དང་། དེའི་ནང་དབུས་ཤར་ས་ཁུལ་གྱི་རྫོང་357དང་དབུས་རྒྱུད་ས་ཁུལ་གྱི་རྫོང་382ནུབ་རྒྱུད་ས་ཁུལ་རྫོང་446བཅས་ཡོད་ཅེས་ངོ་སྤྲོད་གནང་ནས་གསུང་པ་རེད།

རྩིས་བཤེར་བརྟག་དཔྱད་གནས་ཚུལ་ལ་བལྟས་ཚེ། ས་གནས་རིམ་པའི་སྲིད་གཞུང་དང་སློབ་གསོ་སོགས་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་རྒྱུ་དང་སློབ་གྲྭ་འབྲིང་ཆུང་གི་ཁེབས་ཚུལ་འཆར་འགོད་དང་སྒྲིག་འཛུགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་སྟོན་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག