མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་བྱེ་བ་བརྒྱད་དང་ས་ཡ་དགུ་དང་དགུ་འབུམ་དྲུག་སྟོང་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-05 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སྒྲིག་འཛུགས་པུའུ་ནས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། སྤྱི་ལོ་2012ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་བསྡོམས་གུང་གཞོན་སྡེ་ཚོགས་ཚོགས་མི་བྱེ་བ་བརྒྱད་དང་ས་ཡ་དགུ་དང་དགུ་འབུམ་དྲུག་སྟོང་ཡོད་པ་དང་། ཁྱོན་གཞི་རིམ་གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་ས་ཡ་གསུམ་དང་ལྔ་འབུམ་དགུ་ཁྲི་ཡོད་ཅིང་། དེའི་ནང་གཞི་རིམ་གུང་གཞོན་སྡེ་ཚོགས་ཨུ་ཡོན་ཉིས་འབུམ་བདུན་ཁྲི་ཆིག་སྟོང་ཡོད་པ་དང་། གཞི་རིམ་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་ཉིས་ཁྲི་ཉིས་འབུམ་ཡོད་པ། གུང་གཞོན་སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཉིས་འབུམ་ཆིག་ཁྲི་ཡོད་པ། གུང་གཞོན་སྡེ་ཚོགས་ཀྲི་པུའུ་ས་ཡ་གསུམ་དང་བརྒྱད་ཁྲི་བདུན་སྟོང་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག