མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གི་གློག་སྐྱེལ་གློག་སྒྱུར་རིམ་འདས་མཐོ་མནོན་གློག་གི་ལས་གྲྭ་ཐོག་མ་དེ་བེད་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-05 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་3ཉིན་ལོ་གཉིས་རིང་འཛུགས་སྐྲུན་བྱས་པ་དང་ལམ་ཐིག་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་400ལྷག་ཙམ་ཡོད་པའི་ཆན་ཧྥུའུ་750ཡི་ཧྥེང་ཧོང་ནས་ཨུ་སུའུ་དང་དབྱི་ལི་བར་གྱི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དངོས་སུ་བེད་སྤྱོད་འགོ་ཚུགས་པ་རེད། ཤིན་ཅང་གི་ཐེན་ཧྲན་རི་བོ་ཡོངས་སུ་བརྒྱུད་པའི་གློག་སྐྱེལ་གློག་སྒྱུར་རིམ་འདས་མཐོ་མནོན་གློག་གི་ལས་གྲྭ་ཐོག་མ་ཡིན་པའི་ངོས་ནས་དེས་ཤིན་ཅང་དབྱི་ལི་ཆུ་རོང་ས་ཁུལ་གྱི་རྣམ་པ་ཆེ་གྲས་ཀྱི་རྡོ་སོལ་གློག་དང་ཆུ་གློག་གསར་སྤེལ་དང་གློག་ཤུགས་ཕྱིར་སྐྱེལ་ལ་གློག་གི་དྲ་བའི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག