མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་ལྔ་བའི་ཚེས་གཉིས་ཉིན་དེང་སྐབས་ཀྱི་ལུའུ་ཧྲན་ས་འགུལ་གནོད་སེལ་རྒུད་སྐྱོབ་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། བཞི་བའི་ཚེས་ཉི་ཤུ་ཉིན་གྱི་ས་འགུལ་དྲག་པོའི་ཉེན་སེལ་རྒུད་སྐྱོབ་དུས་སྐབས་ཀྱི་བྱ་བའི་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་ཡོད་པ་དང་། ད་ལྟའི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་དེ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱེད་པ་ལས་འགན་གཙོ་བོར་བརྩི་བའི་མཉམ་དུ། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་སྔོན་སྒྲུབ་བྱ་བར་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་རྨས་མར་གསོ་བཅོས་དང་དངོས་རྫས་འགན་སྲུང་། གློག་ལམ་དང་གཞུང་ལམ་སླར་གསོ། གནས་སྐབས་ཁ་གསེབ་སྲིད་ཇུས་དངོས་དབེབས་བྱེད་པ་སོགས་ཀྱི་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་བྱེད་པ་དང་། བར་བརྒལ་བཀོད་ཇུས་གཏན་འབེབས་ལེགས་པོ་བྱས་ཏེ། གནོད་འཚེ་བསྐྱར་འབྱུང་འགོག་བཅོས་བྱ་བ་མུ་མཐུད་དུ་ལེགས་སྒྲུབ་དང་། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། ཞི་ཅིན་ཕེན་གྱིས་གནོད་འཚེའི་གྱོང་གུད་ལ་ཕྱོགས་ཡོངས་དང་ནོར་བ་མེད་པར་དཔྱད་འཇོག་བྱེད་པ་དང་། མི་གཙོ་བོར་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག རྩ་ལག་མཉམ་བཅོས། དེང་སྐབས་དང་རྒྱང་རིང་ལ་གཞིགས་པའི་ཚན་རིག་གི་བསྐྱར་སྐྲུན་བླང་བྱ་ལྟར། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་འཆར་གཞི་འགོད་པའི་བྱ་བ་མྱུར་དུ་མགོ་རྩོམ་པ་དང་། ཝུན་ཁྲོན་ས་འགུལ་ཆེན་པོའི་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་ཉམས་མྱོང་བཟང་བོ་དཔྱད་གཞིར་བཟུང་ནས། རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་ཆས། ཐོན་སྐྱེད་སྒྲིག་ཆས། མཁར་གྲོང་སྡོད་དམངས་ཀྱི་ཁང་བ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་དང་། མང་ཚོགས་ཀྱི་འཚོ་བ་དང་། ཐོན་སྐྱེད་འཕེལ་རྒྱས། ཞིང་སྡེ་གསར་བ་བསྐྲུན་པ། དབུལ་སྐྱོར་གསར་སྤེལ། མཁར་གྲོང་ཅན་གྱི་འཛུགས་སྐྲུན། སྤྱི་ཚོགས་ལས་དོན་གོང་འཕེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རྩིག་ལས་ཀྱི་ཚད་གཞི་དང་ཚན་རིག་ལྟར་འཆར་འགོད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན། ཞི་ཅིན་ཕེན་གྱིས་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་གཉིས་ཀ་དམ་འཛིན་བྱེད་པ་དང་། ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ། རིམ་པ་ཁག་གི་ཏང་རྩ་འཛུགས་མགོ་ཁྲིད་སྲོག་ཤིང་གི་འཐབ་འཛིང་བཙན་རྫོང་ནུས་པ་དང་། རྒྱ་ཆེའི་ཏང་ཡོན་གྱི་སྔོན་ཐོན་མིག་དཔེ་ནུས་པ་འདོན་སྤེལ་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རང་སྟོབས་རང་སྤེལ་དང་ཐོན་སྐྱེད་རང་སྐྱོབ་བྱ་འགུལ་སློང་བར་ཁྲིད་སྟོན་བྱེད་པ་དང་། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་གྱི་རྒྱབ་སྐྱོར་ཆེན་པོའི་འོག་ཏུ། ཐོན་སྐྱེད་གོང་འཕེལ་དང་ཁྱིམ་གཞི་བསྐྱར་སྐྲུན་བྱེད་པར་བརྩོན་ལེན་དང་། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དགོས་ཞེས་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག