མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ནས་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཁྲོན་ལུའུ་ཧྲན་ས་འགུལ་དྲག་པོ་བྱུང་བའི་ཚུན་ལ། ཉེན་སེལ་རྒུད་སྐྱོབ་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་ཏེ། ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ནས་དུས་སྐབས་རང་བཞིན་གྱི་རྒྱལ་ཁ་བླངས། ད་ལྟ་གནོད་འཚེ་བསྐྱར་འབྱུང་སྔོན་འགོག་བྱེད་པའི་བྱ་བ་བྲེལ་འཚུབ་དང་གོ་རིམ་ཡོད་པའི་ངང་བསྒྲུབ་ཀྱིན་ཡོད། ཆུ་ལོག་འབྱུང་བའི་དུས་སུ་ས་གཤིས་གནོད་འཚེ་མང་པོ་འབྱུང་སྲིད་པར་ཁ་གཏད་འཇལ་ཆེད། རྒྱལ་ཁོངས་ཐོན་ཁུངས་པུའུ་དང་སི་ཁྲོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱི་ཆེད་ལས་མི་སྣ་སུམ་བརྒྱ་ལྷག་གིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་ས་གཤིས་གནོད་འཚེ་འབྱུང་ཉེན་ཆེ་ས་རུ་ཞིབ་བཤེར་བྱེད་ཀྱིན་ཡོད་པ་དང་། མིག་སྔར་ཤེས་པའི་ས་གཤིས་གནོད་འཚེ་འབྱུང་ཉེན་ཆེ་ས་བཅུ་ལྷག་ཏུ། ལམ་གསོ་ལས་བས་ཉིན་མཚན་མེད་པར་ཉེན་ཁ་ཆེ་བའི་ལམ་བར་དུ་ལྟ་རྟོག་དང་ཉེན་ཁ་སེལ་གྱིན་ཡོད། ད་ལྟ། ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཕལ་ཆེར་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་དང་། གནོད་ཐེབས་ས་ཁུལ་གྱི་བགྲོད་ལམ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་རིམ་གྱིས་སླར་གསོ་བྱེད་ཀྱིན་ཡོད་ལ། སློབ་གྲྭ་མང་ཤོས་ཀྱིས་སློབ་མགོ་ཚུགས་པ་དང་། ཚོང་ཁང་གིས་རིམ་གྱིས་ཚོང་གཉེར་མགོ་བརྩམས་པ་དང་། སྡེ་བ་ཁ་ཤས་རྨོ་འདེབས་ལ་བྲེལ་བཞིན་ཡོད་པས། གནོད་ཐེབས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་དུ་འགྱུར་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག