མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་ཉིས་ཀྲི་ཧྥུའུ་ཡི་བེམ་པོ་པེ་ཅིན་ནས་སྦྱིན་བསྲེགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 10:55

124656496_41n.jpg

  སྤྱི་ཟླ5བའི་ཚེས2ཉིན། བློ་མཐུན་ཉིས་ཀྲི་ཧྥུའུ་ཡི་བེམ་པོ་པེ་ཅིན་ནས་སྦྱིན་བསྲེགས་བྱས། པར་འདི་ནི་ཞི་ཅིན་ཕེན་གྱིས་ཉིས་ཀྲི་ཧྥུའུ་ཡི་གཉེན་ཉེ་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་ཏང་ལ་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ང་ཚོ་ཏང་གི་ཆབ་སྲིད་བྱ་བ་དང་བཟོ་ཚོགས་བྱ་བའི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྗེས་སྣོན་ཨུ་ཡོན། སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བདུན་པ་དང་སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་བློ་མཐུན་ཉིས་ཀྲི་ཧྥུའུ་ཡི་བེམ་པོ་སྤྱི་ཟླ5བའི་ཚེས2ཉིན་པེ་ཅིན་པ་པོ་རི་བོའི་གསར་བརྗེའི་བང་སོ་ནས་སྦྱིན་བསྲེགས་བྱས།

  བློ་མཐུན་ཉིས་ཀྲི་ཧྥུའུ་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར2013ལོའི་སྤྱི་ཟླ4བའི་ཚེས24ཉིན་གྱི་དུས་ཚོད15ཡི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ79རེད།

  ཉིན་དེའི་སྔ་དྲོའི་དུས་ཚོད9ཡི་སྟེང་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཧུའུ་ཅིན་ཐོ་སོགས་མྱ་ངན་ཞུ་བའི་རོལ་མོའི་ཁྲོད་དུ་བློ་མཐུན་ཉིས་ཀྲི་ཧྥུའུ་ཡི་བེམ་པོའི་མདུན་དུ་ཕེབས་ནས་གུས་བ་ལན་གསུམ་བྱས་པར་མ་ཟད། ཁོའི་གཉེན་ཉེ་རྣམས་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་བྱས།

  བློ་མཐུན་ཉིས་ཀྲི་ཧྥུའུ་ལ་ནད་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་སྨན་ཁང་དུ་ལྟ་རུ་ཕེབས་པ་དང་ཡང་ན་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་ཉིས་ཀྲི་ཧྥུའུ་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད། ཁོའི་གཉེན་ཉེ་རྣམས་ལ་འཚམས་འདྲི་བྱས།

  ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། བློ་མཐུན་ཉིས་ཀྲི་ཧྥུའུ་སྐུ་བཞུགས་སྐབས་ཀྱི་གྲོགས་པོ། དེ་མིན་ཕ་ཡུལ་གྱི་འཐུས་མི་བཅས་ཀྱིས་ཀྱང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག