མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས1ཉིན་ནི་སི་ཁྲོན་ལུའུ་ཧྲན་དུ་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན12པ་ཡིན་པ་དང་། ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཐུབ་ཡོད་པ་རེད། ཧུའུ་ཝེ་ཅན་ནི་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་མྱུར་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་དང་། ཀྲུའུ་རིན་སྨན་པ་ཡིན་པ་དང་། ཡོམ་འགོག་གནོད་སེལ་སྨན་བཅོས་རུ་ཁག་གི་རུ་དཔོན་ཡིན། ཁོང་གིས་རུ་མི་རྣམས་ཀྱི་སྣེ་ཁྲིད་ནས་དུས་ཚོད་ཐུང་ཤོས་དང་མྱུར་ཚད་མགྱོགས་ཤོས་ནང་ས་ཡོམ་ཁྲོད་གྱོང་གུན་ཚབས་ཆེན་ཕོག་པ་དང་། གཞི་རྩའི་ཆ་ནས་བེད་སྤྱོད་གཏོང་མི་ཐུབ་པར་གྱུར་བའི་ལུའུ་ཧྲན་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་སྒྲིག་ལམ་རྒྱུན་ལྡན་ལྟར་སླར་གསོ་བྱ་རྒྱུའི་ཐག་བཅད་ཡོད་པ་རེད།

སྤྱི་ཟླ4པའི་ཚེས28ཉིན་ནས་འགོ་ཚུགས་ཏེ། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཡོམ་འགོག་གནོད་སེལ་སྨན་བཅོས་རུ་ཁག་གི་ལས་དོན་གཙོ་བོ་ནི་ས་ཆ་དངོས་སུ་སྨན་བཅོས་བྱ་རྒྱུ་ལས་ས་གནས་དེ་གའི་སྨན་བཅོས་ཐོན་ཁུངས་ཁ་གསབ་བྱ་རྒྱུར་གྱུར་ཡོད་པ་དང་། ས་གནས་དེ་གའི་རྫོང་དང་ཤང་གི་སྨན་ཁང་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གིས་རྒྱུན་ལྡན་གྱི་སྨན་བཅོས་སྒྲིག་ལམ་སླར་གསོ་བྱ་རྒྱུར་རོགས་རམ་བྱེད་འགོ་ཚུགས་ཡོད་པ་རེད།

ས་ཡོམ་རྗེས་ཀྱི་དུས་མཚམས་ཐོག་མའི་ཛ་དྲག་ཆེ་ཤོས་ཀྱི་ལས་དོན་ལེགས་གྲུབ་ཟིན་རྗེས། པའོ་ཤིང་རྫོང་ལིན་ཀོན་གྲོང་བརྡལ་དུ་བཅའ་སྡོད་བྱེད་པའི་ས་གནས་ཁག་གི་སྨན་བཅོས་རོགས་སྐྱོར་རུ་ཁག་བཅུ་གྲངས་ཁ་ཤས་ཀྱིས་མཉམ་འབྲེལ་སྒོ་བརྟེན་སྨན་ཁང་བཙུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག