མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

H7N9བྱ་རིགས་ཆམ་རིམས་སྔོན་འགོག་གི་ཚན་རྩལ་ཁྱབ་གདལ་ཀློག་དེབ་དཔེ་སྐྲུན་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། རྒྱལ་ནང་དུ H7N9བྱ་རིགས་ཆམ་རིམས་སྔོན་འགོག་ཤེས་བྱའི་ཚན་རྩལ་ཁྱབ་གདལ་ཀློག་དེབ་ཁག་དང་པོ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཀྲེན་ཀྲོའུ་རུ་སྤེལ་ཡོད་པ་རེད། ཉིན་ཤས་རིང་། H7N9བྱ་རིགས་ཆམ་རིམས་ཀྱི་ནད་ཡམས་ལ་ཁ་གཏད་གཅོག་སྐབས། ཧོ་ནན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་ཛ་དྲག་ངང་ཧོ་ནན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ནསH7N9བྱ་རིགས་ཆམ་རིམས་སྔོན་འགོག་ཤེས་བྱའི་ཚན་རྩལ་ཁྱབ་གདལ་ཀློག་དེབ་སྒྲིག་བཟོ་བྱས་ནས་སྨན་དོན་མི་སྣས་རིམས་ནད་ལ་ཁ་གཅད་གཅོག་པའི་ནུས་པ་མཐོ་རུ་གཏོང་རྒྱུ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལH7N9བྱ་རིགས་ཆམ་རིམས་འགོག་བཅོས་བྱེད་པའི་ཤེས་བྱ་ཁྱབ་གདལ་བཏང་ཡོད་པ་རེད། ཀློག་དེབ་དེའི་ནང་ཚན་རིག་དང་མཐུན་པའི་སྒོ་ནས H7N9བྱ་རིགས་ཆམ་རིམས་སྔོན་འགོག་བྱེད་པའི་ཤེས་བྱའི་དྲི་བ་དྲིས་ལན་ཞེས་པ་དང་། རི་མོ། དྲིལ་བསྒྲགས་བཅས་ཚན་རྩལ་ཀློག་དེབ་རིགས་གསུམ་ཚུད་ཡོད་པ་དང་། གཙོ་བོའི་ནང་དོན་ནང་མིརH7N9བྱ་རིགས་ཆམ་རིམས་འགོས་པའི་གཞི་རྩའི་ཤེས་བྱ་དང་། སྔོན་འགོག་ཤེས་བྱ། དུག་སེལ་ཤེས་བྱ། ནད་ཐོག་སྨན་བཅོས་ཚད་གཞི། སྨན་བཅོས་བྱེད་ཐབས་བཅས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག