མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གནོད་སེལ་དཔུང་སྡེས་མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱེད་རྒྱུར་རོགས་རམ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་རིང་། སི་ཁྲོན་ལུའུ་ཧྲན་གྱི་ས་ཡོམ་གནོད་སེལ་ལས་འགན་རིམ་བཞིན་སྤོ་སྒྱུར་བྱེད་བཞིན་ཡོད་པ་དང་། རོགས་སྐྱོབ་མི་སྣས་ཡུལ་དམག་གྲ་སྒྲིག་མི་སྣ་སྒྲིག་འཛུགས་བྱས་ཏེ་ཤང་དང་གྲོང་བརྡལ་ཁག་ཏུ་ཟབ་བསྐྱོད་བྱས་ཏེ། མང་ཚོགས་ལ་ཐོན་སྐྱེད་རང་སྐྱོབ་དང་། ཁྱིམ་གཞིས་བསྐྱར་འཛུགས་བྱེད་རོགས་བྱས་ཡོད་པ་རེད།

ལུའུ་ཧྲན་རྫོང་ཤང་ལིང་འཁེལ་འཐག་བཟོ་གྲྭ་ནི་ས་གནས་དེ་གའི་འཁེལ་འཐག་ཁེ་ལས་ཆེ་གྲས་ཤིག་ཡིན་པ་དང་། ད་ཐེངས་ཀྱི་ས་ཡོམ་ནང་བཟོ་གྲྭ་དང་། གློག་གི་སྒྲིག་ཆས། འཕྲུལ་ཆས་སོགས་རྨང་གཞིའི་སྒྲིག་ཆས80%ལ་གཏོར་བཤིག་ཕོག་པ་དང་། སྒྲིག་ཆས་ཁག་ཅིག་ས་འོག་མནན་ཡོད་པ་རེད། ལུའུ་ཧྲན་གྱི་ཡུལ་དམག་ལས་གྲུབ་པའི་ཐོན་སྐྱེད་རོགས་སྐྱོར་ཚོགས་ཆུང་གིས་ཁང་པ་བརྡིབས་ཟིན་པའི་བཟོ་གྲྭའི་སྒྲིག་ཆས་གཙང་བཟོ་བྱས་པ་མ་ཟད་ཐོན་སྐྱེད་དངོས་པོ་ཡོངས་ཕྱིར་སྤོས་ཡོད་པ་རེད། ལུའུ་ཧྲན་རྫོང་གི་གྲོང་ཁུལ་རྙིང་པར་ཡོད་པའི་ཚོང་པ་ཀའོ་རུང་གི་བྱིས་པའི་ཚོང་ཁང་བརྡིབས་ཏེ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་དང་། ཀའོ་རུང་གི་ཚོང་གཉེར་སླར་གསོ་ཐུབ་ཆེད། ཡུལ་དམག་ཚོས་ཚོང་ཁང་གི་ཁང་པའི་འོག་མནན་པའི་འོ་རྩམ་དང་། བྱིས་པའི་གྱོན་ཆས་སོགས་ཚོང་ཟོག་རེ་རེ་བཞིན་ཕྱིར་དབོར་ཡོད་པ་རེད། ཆིང་ཅང་གྲོང་ཚོར། པད་ཁ་མུའུ་10ལྷག་ཙམ་རྔ་བསྡུ་བྱེད་རན་ཡོད་པ་དང་། ཡུལ་དམག50ལྷག་གིས་ཉིན་གཅིག་ལས་ཀ་ཚ་ཚ་འུར་འུར་བྱས་པ་བརྒྱུད། ཆར་པ་ཆེན་པོ་མ་བབ་གོང་པད་ཁ་ཡོངས་རྔ་བསྡུ་བྱས་ཡོད་པ་རེད།

མིག་སྔར། སི་ཁྲོན་ཞིང་ཆེན་དམག་ཁུལ་ཁང་གི་ཡུལ་དམག་གྲ་སྒྲིག་དཔུང་སྡེ5000ལྷག་གིས་གྲོང་ཚོར་བཅའ་སྡོད་བྱས་ཏེ། ཁུལ་དབྱེ་སྟེ་འགན་གཙང་ལེན་པ་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚོར་ཐོན་སྐྱེད་སླར་གསོ་དང་། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག