མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྔ་གཅིག་རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དཔྱིད་གསར་དུས་ཆེན་ལས་ཀྱང་མང་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས29ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མིའི་ཐེངས་གྲངས་ས་ཡ8.885སྐྱེལ་འདྲེན་བྱས་པའི་ལྔ་གཅིག་ངལ་གསོའི་རིང་གི་སྐྱེལ་འདྲེན་ཟིན་ཐོ་གསར་པ་གཏོད་རྗེས་སྤྱི་ཟླ4པའི་ཚེས30ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་མུ་མཐུད་འགྲུལ་པ་མང་པོ་སྐྱེལ་འདྲེན་བྱས་པ་དང་། སྔོན་དཔག་བྱས་ན་མིའི་ཐེངས་གྲངས་ས་ཡ7.5ཟིན་ཡོད་པ་དེ་དཔྱིད་གསར་དུས་ཆེན་རིང་གི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད་པ་རེད། གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་མ་གཞི་ན་ནིང་དུས་མཚུངས་དང་བསྡུར་ན་མངོན་གསལ་དོད་པོས་ཆག་ཡོད་ནའང་དེ་ནི་སྔར་བཞིན་མྱུར་བགྲོད་གཞུང་ལམ་འགག་པའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ལ་གྱུར་ཡོད་པ་རེད།

སྤྱི་ཟླ4བའི་ཚེས30ཉིན་གྱི་པེ་ཅིན་ནས་ཀོང་ཀྲུའུ་དང་། པེ་ཅིན་ནས་ཧྲང་ཧའེ། ཀྲེང་ཀྲུའུ་ནས་ཞི་ཨན་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་ཐོག་བསྐྱོད་མཁན་འགྲུལ་པ་མང་པོ་ཡོད་པ་རེད། ཧྲང་ཧའེ་དང་། ཀོང་ཏུང་། ལན་ཀྲུའུ། ཧུའུ་ཧེ་ཧའོ་ཐེ་སོགས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་རྒྱུན་འཁྱོངས་བྱས་ཡོད་པ་རེད། ཅི་ནན་མེ་འཁོར་འབབ་ཚིགས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་སྐབས་ཀྱི་མི་མང་ཤོས་ལས་ཀྱང་བརྒལ་ཡོད་པ་རེད། ལྕགས་ལམ་སྡེ་ཁག་ནས་འགྲུལ་པ་མང་ཤོས་དུས་ཀྱི་སྐྱེལ་འདྲེན་འཆར་གཞི་ལག་བསྟར་བྱས་ཏེ། ཚད་གཞི་ཆེ་ཤོས་ཀྱི་ཐོག་ནས་མྱུར་བགྲོད་མེ་འཁོར་བསྐྱར་དུ་སྦྲེལ་བའམ་ཡང་ན་འཁོར་སྒྲོམ་མང་དུ་བཏང་ནས་སྐྱེལ་འདྲེན་བྱས་པ་རེད། གྲོང་ཁྱེར་ཆེ་འབྲིང་བར་རམ་ཡང་ན་གྲོང་ཁྱེར་ཆེ་འབྲིང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོར་བསྐྱོད་མཁན་འགྲུལ་སྐྱེལ་མེ་འཁོར་མང་དུ་བཏང་བས་འགྲུལ་པ་མང་ཤོས་ཀྱི་དུས་ཚོད་བརྟན་པོའི་ངང་གྲོལ་ཐུབ་པ་བྱུང་བ་རེད། རྒྱལ་ཡོངས་ལྕགས་ལམ་གྱིས་དེ་རིང་སྟབས་བསྟུན་མེ་འཁོར271བཀོད་སྒྲིག་བྱས་པ་རེད། མིག་སྔའི་བར་སླེབས་དུས་ས་གནས་ཁག་ལ་ངལ་གསོའི་དུས་ཚོད་རིང་མི་སྣ་ཤི་རྨས་བྱུང་བའི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཐོན་ཚད་ན་ནིང་གི་དུས་མཚུངས་ལས38.9%ཆག་པ་དང་། དེའི་ཁྲོད་དོན་རྐྱེན51.4%མཚན་མོ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག