མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཧྲན་རྫོང་དུ་ལྷུ་སྒྲིག་ཁང་པའི་སློབ་གྲྭ3བཙུགས་ཤིང་སློབ་ཁྲིད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས2ཉིན་གྱི་སྔ་དྲོ། ས་ཡོམ་གྱི་ལྟེ་བ་ལུའུ་ཧྲན་རྫོང་ཐའེ་ཕིང་ཤང་དུ། ལྷུ་སྒྲིག་ཁང་པའི་སློབ་གྲྭ་གསར་རྐྱང་སྟེ། ཐའེ་ཕིང་ཤང་ལྟེ་བའི་སློབ་གྲྭ་བརྒྱབ་ཡོད་པ་རེད། ད་ཆ། ཁྲེང་ཏུའུ་དམག་ཁུལ་ཁང་མཁའ་དམག་གིས་འཛུགས་སྐྲུན་གྱི་འགན་འཁུར་བའི་ལྷུ་སྒྲིག་ཁང་པའི་སློབ་གྲྭ་ཡོངས་ས་གནས་ལ་རྩིས་སྤྲོད་བྱས་ཟིན་པ་དང་། བསྡོམས་པས་སློབ་མ2000ལྷག་སློབ་གྲྭར་ཕྱིར་ལོག་བྱེད་ཐུབ་ཡོད་པ་རེད།

ལྷུ་སྒྲིག་ཁང་པའི་སློབ་གྲྭ་རྒྱག་པའི་འགན་འཁུར་མཁན་མཁའ་དམག་ལས་གྲྭ་དགུ་པའི་སྤྱི་ཁྱབ་རུ་ཁག་གི་རུ་དཔོན་ཚའོ་ཏིང་གོའོ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། སྤྱི་ཟླ4བའི་ཚེས23ཉིན་ཁོང་ཚོར་ལུའུ་ཧྲན་རྫོང་སྲིད་གཞུང་གི་རོགས་སྐྱོར་རེ་ཞུ་དངོས་འབྱོར་རྗེས་དཔུང་སྡེས་ཉིན་དེ་རང་དུ་པའོ་ཧྲེང་ཤང་དང་། ལུང་མོན་ཤང་། ཐའེ་ཕིང་ཤང་བཅས་སུ་སློབ་གྲྭ་གསུམ་རྒྱག་རོགས་བྱེད་རྒྱུའི་ཐག་གཅད་པ་དང་། དཔོན་དམག་ཚོས་ལས་དུས་བསྣན་ཏེ་ལས་དོན་དེ་སྒྲུབ་ཅིང་། ཐ་ན་ཆ་སྙོམས་ཉིན་རེར་ངལ་གསོའི་དུས་ཚོད་ཆུ་ཚོད4ཡང་ཟིན་གྱི་མེད་པ་རེད། སྤྱི་ཟླ4བའི་ཚེས25ཉིན། པའོ་ཧྲེང་ཤང་ལྟེ་བའི་སློབ་ཆུང་རྒྱག་རྒྱུ་ལེགས་གྲུབ་ཟིན་པ་མ་ཟད་སློབ་ཚན་སླར་གསོ་ཐུབ་པ་དང་། སློབ་ཆུང་དེ་ལུའུ་ཧྲན་ས་ཡོན་གནོད་འཚེ་ཕོག་ཁུལ་གྱི་ཆ་སྦྱོར་སྒྲིག་ཆས་ཆ་ཚང་བའི་ལྷུ་སྒྲིག་ཁང་པའི་སློབ་གྲྭ་དང་པོ་དེར་འགྱུར་ཡོད། སྤྱི་ཟླ4བའི་ཚེས30ཉིན། ལུང་མོན་ཤང་ཁྲེན་ཡང་རེ་བའི་སློབ་གྲྭའི་སློབ་ཚན་སླར་གསོ་བྱས་པ་དང་། སློབ་གྲྭ་དེ་ནི་ས་ཡོམ་ལྟེ་བའི་ཁུལ་དུ་ཡོད་པའི་ལྷུ་སྒྲིག་ཁང་པའི་སློབ་གྲྭ་ཆེ་ཤོས་དེ་ཡིན། དེ་མིན་དེང་སྟེང་ཐའེ་ཕིང་ཤང་གི་ལྟེ་བའི་སློབ་གྲྭ་བསྣན་པའི་ལྷུ་སྒྲིག་ཁང་པའི་སློབ་གྲྭ3གྱི་རྒྱ་ཁྱོན་ལ་ཁྱོན་བསྡོམས་སྨི་ངོས་སྙོམས་གྲུ་བཞི་མ4615ཟིན་གྱི་ཡོད་པ་རེད། ཁྲེང་ཏུའུ་མཁའ་དམག་དཔུང་སྡེས་ད་དུང་སྒྲོག་ཙེ་དང་རྐུབ་སྟེགས་ཆ400དང་། གློག་ཀླད18། དཔེ་ཁུག200བཅས་ཞལ་འདེབས་བརྒྱབ་ཡོད་པ་རེད།

གསར་འགོད་པས་ས་ཆ་དངོས་ནས་མཐོང་བར། སློབ་གྲྭའི་ཁང་པ་གྲལ་སྟར་སྒྲིག་ལ་དཀར་ཆ་དོད་པ་དང་། སྒྲོག་ཙེ་རྐུབ་སྟེགས་དང་། ནག་པང། གློག་ཀླད་སོགས་སློབ་འཁྲིད་སྒྲིག་ཆས་ཆ་ཚང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག