མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་དྲ་བའི་ཐོག་གི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་རྒྱུ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་བསྡུས་ཐོག་དྲ་སྦྲེལ་བེད་སྤྱད་ནས་དཀྲོག་གཏམ་བཟོ་བ་དང་རྐང་བཙུགས་ནས་དཀྲོག་གཏམ་རྒྱ་ཡན་དུ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུའི་བཀོད་སྒྲིག་བྱས་ཡོད་པ་དང་། ཉེ་ཆར་ཀུའེ་ཀྲོའུ་ཡི་མིང་ལ་ལི་ཞེས་པ་སོགས་ཀྱིས་དྲ་སྦྲེལ་བེད་སྤྱད་ནས་དཀྲོག་གཏམ་བཟོ་བ་དང་རྐང་བཙུགས་ནས་དཀྲོག་གཏམ་ཁྱབ་གདལ་བཏང་བར་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་། དཀྲོག་གཏམ་བཟོ་མཁན་གྱི་པོད་ཕྲན་ཨང་གྲངས་ཁག་ཅིག་བེད་སྤྱོད་གཏོང་མི་ཐུབ་པ་བཟོས་པ། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་མི་སྣར་བདེ་འཇགས་བཀག་ཉར་སོགས་ཀྱི་ཆད་པ་བཅད་ཡོད་པ་རེད།

འབྲེལ་ཡོད་འགན་འཁུར་བས། དྲ་སྦྲེལ་བེད་སྤྱད་ནས་དཀྲོག་གཏམ་བཟོ་བ་ནི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན། རང་རྒྱལ་དུ་ཁྲིམས་ལུགས་མང་པོ་ཞིག་གིས་དྲ་བའི་ཐོག་དཀྲོག་གཏམ་བཟོ་བར་ཉེས་ཆད་གཅོད་པའི་ཐད་གཏན་འབེབས་བྱས་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་དྲ་གྲོགས་ཀྱི་ཐེར་འདོན་དང་ཉིན་རེའི་ལས་དོན་ཁྲོད་ཁོང་དུ་ཆུད་པའི་ཁུངས་སྣེར་གཞིགས་ནས། ས་གནས་ཁག་གི་དྲ་སྦྲེལ་ཆ་འཕྲིན་ནང་དོན་གྱི་གཙོ་གཉེར་སྡེ་ཁག་དང་མཉམ་དུ་རྒྱུན་དུ་དོན་དངོས་མིན་པའི་ཆ་འཕྲིན་རྒྱུད་སྤེལ་བྱེད་མཁན་དྲ་ཚིགས་དང་པོད་ཕྲན་ཨང་གྲངས་ཁག་ཅིག་དང་། དེ་བཞིན་འཕྲིན་ཕྲན་ཨང་གྲངས་ཁག་ཅིག་ལ་ཞིབ་བཤེར་གཏིང་ཟབ་བྱས་ཏེ། སྤྱི་བདེ་ལས་ཁུངས་དང་མཉམ་དུ་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག