མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཡག་རྔའི་གནོད་འཚེ་ཕོག་ཁུལ་གྱི་འཕྲལ་བསྟུན་ཆུ་འདོན་ལས་དོན་སྤྱིའི་ཆ་ནས་སླར་གསོ་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས2ཉིན་གྱི་ཆུ་ཚོད15ཡི་བར། སི་ཁྲོན་ཞིང་ཆེན་གཡག་རྔའི་གྲོང་ཁྱེར་ཧྲིལ་པོའི་མི་གྲངས་ས་ཡ1ལ་འཕྲལ་བསྟུན་ཆུ་མཁོ་འདོན་བྱས་ཡོད་པ་རེད། དེ་ནི་གཡག་རྔ་གྲོང་ཁྱེར་གྱིས་ལག་རྩལ་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དུས་ཐོག་ཏུ་ལས་གྲྭ་ཉམས་བཟོ་བྱེད་པ་དང་། ཆུ་མཁོ་འདོན་བྱེད་ས་བཀོད་སྒྲིག་བྱེད་པ། ཆུ་སྐྱེལ་མཁན་སྒྲིག་འཛུགས་བྱེད་པ་སོགས་གལ་ཆེའི་བྱ་ཐབས་བཟུང་བ་ལས་བྱུང་བ་ཞིག་ཡིན།

གཡག་རྔ་གྲོང་ཁྱེར་ཡོངས་སུ་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་མི་ས་ཡ1.158ལ་འཐུང་ཆུ་དཀོན་པའི་དཀའ་ངལ་འཕྲད་པས། གཡག་རྔ་གྲོང་ཁྱེར་གྱིས་དུས་ཐོག་ཏུ་འཕྲལ་བསྟུན་ཆུ་འདོན་འགན་སྲུང་ཚོགས་ཆུང་བཙུགས་པ་དང་། ཞིང་ཆེན་ཆུ་བེད་ཐིང་དང་། རྫོང་དང་ཁུལ་ཁག་དང་མཐུན་སྦྱོར་བྱས་ཐོག་འཕྲལ་བསྟུན་ཆུ་འདོན་ཉེན་སེལ་རུ་ཁག16ཆུ་འདོན་ཆུ་བཤངས་སྒྲིག་ཆས་དང་། ཆུ་འདྲེན་སྦུ་གུ། ཆུ་གཙང་བཟོའི་སྒྲིག་ཆས་སོགས་འཁྱེར་ནས་ལུའུ་ཧྲན་དང་། པའོ་ཤིང་། ཐེན་ཆོན་བཅས་སུ་བཀོད་གཏོང་བྱས་ཏེ། རྫོང་གསུམ་གྱི་ཤང་གྲོང་ཁག་ལ་ཆུ་འདོན་འཕྲལ་བསྟུན་ཉེན་སེལ་ལས་དོན་སྒྲུབ་རོགས་བྱས་པ་དང་། རྫོང་དང་ཁུལ་ཁག་གི་ཆུ་དོན་སྡེ་ཁག་གིས་འཕྲལ་བསྟུན་དཔུང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ཉེན་སེལ་གནོད་སྐྱོབ་ལས་དོན་ནང་ཞུགས་ཡོད་པ་རེད། སྨན་ཁང་དང་། སློབ་གྲྭ གཅིག་སྡུད་བཀོད་སྒྲིག་ཁུལ། དེ་བཞིན་མི་ཚོགས་མཐུག་པའི་གནས་སྡོད་ཁུལ་བཅས་སུ་གནས་སྐབས་ཆུ་མདོན་ཁུལ་བཙུགས་པ་དང་། གཅིག་སྡུད་ཆུ་མཁོ་འདོན་བྱེད་མི་ཐུབ་པའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་རླངས་འཁོར་གྱིས་ཆུ་སྐྱེལ་བ་དང་། ཡང་ན་ཆུ་གཙང་སེལ་སྒྲིག་ཆས་ལ་བརྟེན་ནས་འཐུང་ཆུའི་དཀའ་ངལ་སེལ་ཡོད། དེ་མིན། ཆུའི་འབྱུང་ཁུངས་ཡོད་སའི་ས་ཆར་ཐབས་བརྒྱ་ཇུས་སྟོང་གིས་ཆུ་འདོན་སྒྲིག་ཆས་ཉམས་བཟོ་བྱས་པ་དང་། ཆུའི་འབྱུང་ཁུངས་མེད་སར་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུ་སྐྱེལ་རླངས་འཁོར་གྱིས་ཆུ་སྐྱེལ་བ་སོགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག