མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲོང་གོས་ལྗར་པན་ཕྱོགས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤ་ཡའི་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་རྒྱུའི་རེ་བ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ལྗར་པན་གྱི་འགོ་ཁྲིད་པས་ལོ་རྒྱུས་གནད་དོན་ཐད་གསེད་བཀྲོལ་ཐེངས་མང་བྱས་པ་མ་ཟད་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གནད་དོན་ཐད་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ལ་འགྲེལ་བཤད་རྒྱག་པའི་དགོས་པ་མེད་ཅེས་བཤད་པ་སོགས་འཕེལ་ཚུལ་ངན་པའི་སྐོར་ལ་དམིགས་ནས་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིན་གྱིས་སྤྱི་ཟླ5བའི་ཚེས2ཉིན། ལོ་རྒྱུས་ནི་མེ་ལོང་ལྟ་བུ་ཡིན། ལྷག་བསམ་ཟོལ་མེད་ཀྱིས་འདས་ཟིན་པ་ཁས་ལེན་བྱས་པ་ཡིན་ན་གཞི་ནས་དོན་དམ་གྱི་མ་འོངས་པ་ཡོང་སྲིད། ལོ་རྒྱུས་ནི་མི་རེ་གཉིས་ཀྱི་གཏམ་སྤྱོད་ལ་བརྟེན་ནས་འགྱུར་བ་གཏོང་མི་ཐུབ་པ་ཞིག་རེད། ཀྲུང་གོའི་ཕྱོགས་ཀྱིས་ལྗར་པན་ནས་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་པའི་ཐོག་ནས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་བྱེད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཧྭ་ཁྲུན་ཡིན་གྱིས་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱི་རྐྱེན་པས་ལྗར་པན་གྱི་གོང་འཕེལ་སྒུལ་ཕྱོགས་ལ་སྔ་བར་ཕྱི་གསུམ་དུ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ནས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་ལྗར་པན་གྱིས་ཞི་བདེའི་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་པ་དང་ལོ་རྒྱུས་མེ་ལོང་དུ་འཛིན་པ་ས་ཁུལ་འདི་གའི་རྒྱལ་ཁབ་ཀྱི་ཁུར་བྱེད་ཡུལ་ལ་བརྩི་འཇོག་བྱས་ཏེ་ས་ཁུལ་འདི་གའི་ཞི་བདེ་དང་བརྟན་ལྷིང་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག