མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཐེན་ཁེ་ཡིས་འཇར་པན་གཡས་ལྷུང་སྟོབས་ཤུགས་ཀྱིས་རང་སྡུག་རང་གིས་ཉོ་ངེས་ཞེས་བཤད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧ་ཀི་ཨར་གྱིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཧྭ་ཧྲིན་ཏུང་ནས་འཇར་པན་གྱི་འགོག་སྲུང་བློན་ཆེན་ཞོ་ཡེ་ཧྲི་བུའུ་ཏེན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཏེའོ་ཡུས་གླིང་ཕྲན་ནི་འཇར་པན་གྱི་དོ་དམ་མངའ་ཁོངས་སུ་ཡོད་པ་ཁས་ལེན་པར་མ་ཟད། འཇར་པན་གྱི་དོ་དམ་མངའ་ཁོངས་དབང་ཆར་གཏོར་བརླག་བྱེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་དང་ཡང་ན་བཙན་ཤུགས་བཀོལ་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་པ་ཡིན་ཟེར། ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཐེན་ཁེ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གོང་གི་སྐད་ཆ་དེར་དམིགས་ཏེ་ཕྱོགས་གཅིག་གི་བཙན་ཤེད་བྱ་སྤྱོད་བཀོལ་བ་ནི་འཇར་པན་ཕྱོགས་ཡིན་པ་ལས་ཀྲུང་གོ་མིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱི་བཤད་སྲོལ་དེ་དོན་དངོས་དང་མི་མཐུན་ཞེས་ལན་བཏབ།

ཚོས་ཐེན་ཁེ་ཡིས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གནད་དོན་ཐད་ལ་སྤྱད་པའི་བྱ་སྤྱོད་གང་རུང་དེ་དུས་སྐབས་ཤིག་གི་འཇར་པན་གླེང་སྟེགས་སྟེང་དུ་བྱུང་བའི་སྣང་ཚུལ་ངན་པ་དང་འབྲེལ་བ་དམ་པོ་ཡོད། འཇར་པན་གཡས་ལྷུང་སྟོབས་ཤུགས་ཀྱིས་རང་སྡུག་རང་གིས་ཉོ་སྲིད་ལ། ཨ་རེ་རི་ཁ་ཕྱོགས་ཀྱིས་དོགས་ཟོན་ནན་མོ་བྱེད་དགོས་ཟེར།

ཚོས་ཐེན་ཁེ་ཡིས་ད་དུང་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་ཏེའོ་ཡུས་གླིང་ཕྲན་དབང་ཆ་དང་ཡང་ན་དོ་དམ་མངའ་ཁོངས་ཀྱི་དབང་ཆ་ཁས་མི་ལེན་པ་དང་། དེའི་ཐད་ནས་ཨ་མེ་རི་ཁ་ཕྱོགས་ལ་ཐེངས་མང་བོར་ཀྲུང་གོའི་ལངས་ཕྱོགས་གསལ་བོར་བསྟན་མྱོང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག