མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་རྒྱལ་སྤྱིའི་རྒན་གསོ་ཞབས་ཕྱི་ལས་རིགས་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་པེ་ཅིན་ནས་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

01.jpg

ཟླ་ལྔ་བའི་ཚེས་གཅིག་ཉིན། ཀྲུང་གོ་རྒྱལ་སྤྱིའི་རྒན་གསོ་ཞབས་ཕྱི་ལས་རིགས་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་ལྔ་བའི་ཚེས་གཅིག་ཉིན། དམངས་སྲིད་པུའུ་དང་རྒྱལ་ཡོངས་རྒན་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པ་དང་། ཀྲུང་གོ་སྤྱི་ཚོགས་ཕན་བདེ་མཐུན་ཚོགས་དང་པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། པེ་ཅིན་གྲོང་ཁྱེར་རྒན་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་འགན་བླངས་ཏེ་བསྒྲུབས་པའི་ཀྲུང་གོ་རྒྱལ་སྤྱིའི་རྒན་གསོ་ཞབས་ཕྱི་ལས་རིགས་ཀྱི་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་པེ་ཅིན་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས། ཨ་མེ་རི་ཁ་དང་། དབྱིན་ཅི། ཨོ་སི་ཁྲི་ལི་ཡ། དབྱི་ཐ་ལི། འཇར་མན། སེང་ག་ཕོར། ཞང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་དྲུག་དང་། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་ཉེར་བཞིའི་ཆེན་ལས་ལས་ཁུངས་དང་ཁེ་ལས་སུམ་བརྒྱ་ཙམ་འགྲེམ་སྟོན་ལ་ཞུགས།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཀྲུའུ་ཞི་གཞོན་པ་ཀྲང་མའེ་ཕུན་དང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་ལི་ལིས་གོ པེ་ཅིན་གྲོང་ཁྱེར་གྱི་ཧྲི་ཀྲང་ཝང་ཨན་ཧྲོན། རྒྱལ་སྤྱིའི་རྒན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། འཁྲབ་སྟོན་སྒྱུ་རྩལ་པ་གྲགས་ཅན་ཆིན་དབྱི་སོགས་ཀྱིས་འགྲེམ་སྟོན་ཚོགས་འདུའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཏི་ཡུས་ཕེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས།

    ལི་ལིས་གོ་ཡིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་ལོ་ལོན་ཆེས་མང་བའི་རྒྱལ་ཁབ་ཆེན་པོ་ཡིན་ལ། ད་ལྟ། ཀྲུང་གོ་ན་ལོ་དྲག་ཅུའི་ཡན་གྱི་ལོ་ལོན་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བཞིར་བསླེབས་ཡོད་པ་དེས། སྤྱིའི་མི་གྲངས་ཀྱི་བདུན་ཆའི་གཅིག་ཟིན་ཡོད། 2020ལོར་དྲུག་ཆའི་གཅིག་ཟིན་རྒྱུ་དང་། 2050ལོར་སུམ་ཆུའི་གཅིག་ཟིན་རྒྱུ་རེད། ལོ་ལོན་ཇེ་མང་ཡིན་པ་དེ་ལས་རྒན་གསོ་ཞབས་ཕྱིའི་དགོས་མཁོ་ཧ་ཅང་ཆེ་བར་གཞིགས་ཏེ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཉམས་མྱོང་བཟང་བོ་དང་སྔོན་ཐོན་ལག་རྩལ་གཞིར་འཛིན་པ་དང་། རྒན་གསོ་ལས་རིགས་འཕེལ་རྒྱས་ཁྲོད་དུ་འཕྲད་པའི་གནད་དོན་ཐག་གཅོད་པར་ནན་ཏན་གྱིས་ཞིབ་འཇུག ཁྲིམས་ལུགས་དང་ཁྲིམས་སྲོལ། སྲིད་ཇུས་དང་བྱེད་ཐབས་བཅས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། རྒན་གསོ་ལས་རིགས་གོང་དུ་སྤེལ་བར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། རྒན་གསོ་ཞབས་ཕྱིའི་ལས་རིགས་བཟང་ཞིང་མགྱོགས་པོའི་སྒོ་ནས་གོང་དུ་སྤེལ་བར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག