མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

2013ལོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་དོ་དམ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་ཚོགས་མགོ་བརྩམས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཚོང་དོན་པུའུ་ཡིས་གཙོ་བསྒྲུབས་བྱས་པ་དང་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་དཔལ་འབྱོར་སྐུལ་འདེད་ལྟེ་གནས་ཀྱིས་སྒྲུབ་མཁན་འཁུར་བའི་ཉིས་སྟོང་བཅུ་གསུམ་ལོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱུགས་ལས་ཐོན་སྐྱེད་དང་དོ་དམ་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཉེ་ལམ་ཟི་ལིང་ནས་དངོས་སུ་ཚོགས་མགོ་བརྩམས། སུའུ་ཏན་དང་ཙམ་པབ་ཝེ། ནེ་ཀྲི་རི་ཡ། སེ་ར་རི་ཨང་། ཏོ་མི་ཉི་ཁི། མ་ལེ་ཞི་ཡ། ཡེ་མིན་སོགས་རྒྱལ་ཁབ་བཅུ་ནས་ཡོང་བའི་སློབ་མ་བཅོ་ལྔ་དུས་ཡུན་གཟའ་གཅིག་རིང་གི་གསོ་སྦྱོང་འཛིན་གྲྭར་ཞུགས། སྐབས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་སྤེལ་བྱས་པའི་སྣ་མང་ལག་རྩལ་མཉམ་ལས་ལས་གཞི་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱུགས་ལས་དོ་དམ་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པ་དང་། ཉམས་མྱོང་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། སློབ་མའི་རིགས་གཞུང་ཆུ་ཚད་ཇེ་མཐོར་གཏོང་བ་དང་ལག་རྩལ་བཀོལ་སྤྱོད་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག