མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིན་ཅང་གིས་པ་ཁྲུའུ་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ།

    2013-04-30 10:57

ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཁ་ཧྲི་ས་ཁུལ་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ། སྔོན་གཤེགས་དཔའ་བོའི་གཉེན་མི་དང་བཅས་པའི་ས་དེའི་མང་ཚོགས་སྟོང་ཙམ་གྱིས་སྐྱོ་སྣང་ཆེན་པོས་ཞིན་ཅང་པ་ཁྲུའུ་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། འདི་ནི་མྱ་ངན་ཞུ་བའི་ཚོགས་ར་རེད།

                 འདི་ནི་རྨས་ཕོག་པའི་ཉེན་རྟོག་པ་ཞིག་མྱ་ངན་ཚོགས་འདུར་ཞུགས་པའི་ཚུལ་རེད།

          འདི་ནི་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་འདྲ་པར་བཀལ་ཡོད་པའི་ཚོགས་རའི་ཡུལ་དངོས་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཁ་ཧྲི་ས་ཁུལ་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ། སྔོན་གཤེགས་དཔའ་བོའི་གཉེན་མི་དང་བཅས་པའི་ས་དེའི་མང་ཚོགས་སྟོང་ཙམ་གྱིས་སྐྱོ་སྣང་ཆེན་པོས་ཞིན་ཅང་པ་ཁྲུའུ་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་བཅོ་ལྔར་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་རང་སྐྱོང་ལྗོངས་འཇིགས་སྐུལ་ངོ་རྒོལ་དཔའ་བོ་ཞེས་པའི་མཚན་སྙན་གནང་བ་དང་། བློ་མཐུན་གཞན་དག་དགུ་ལ་ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་རང་སྐྱོང་ལྗོངས་ཀྱི་འཇིགས་སྐུལ་ངོ་རྒོལ་དཔའ་བོ་ཞེས་པའི་མཚན་མིང་གནང་བར་མ་ཟད། ཞིན་ཅང་ལྗོངས་ཡོངས་ནས་འཇིགས་སྐུལ་ངོ་རྒོལ་དཔའ་བོར་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། ཞིན་ཅང་པ་ཁྲུའུ་རྫོང་དུ་དྲག་ཤུགས་འཇིགས་སྐུལ་ནག་ཉེས་གྱོད་གཞི་ཚབས་ཆེན་ཞིག་བྱུང་སྟེ། སྡོད་ཁུལ་གྱི་ལས་བྱེད་པ་དང་ཉེན་རྟོག་པ་བཅོ་ལྔའི་རང་སྲོག་ཤོར་བ་དང་། གདུག་རྩུབ་ཅན་དྲུག་དེ་མ་ཐག་བསད་པ་དང་། མི་ངན་བརྒྱད་འཛིན་བཟུང་བྱས། དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་གིས་དོན་དེ་གཙིགས་ཆེན་དུ་བཟུང་ནས། རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་གཞུང་སྒྲུབ་ཁང་གིས་ཞིན་ཅང་ཉེན་རྟོག་ཕྱོགས་དང་ལྷན་དུ་གྱོད་གཞི་དེར་མྱུར་དུ་རྩད་གཅོད་བྱས། ད་ལྟ་གྱོད་གཞི་དེ་ཕལ་ཆེར་རྩད་ཆོད་དེ། སྤྱི་བདེ་ལས་ཁུངས་ཀྱིས་ཡང་འཇིགས་སྐུལ་པ་སྐོར་ཞིག་འཛིན་བཟུང་བྱས་པ་དང་། རང་བཟོས་འགད་རྫས་དང་མཚོན་ཆ། “ཏུང་ཐུའུ”འཇིགས་སྐུལ་པའི་དར་ཆ་སོགས་ཉེས་བཟོ་དངོས་རྫས་སྐོར་ཞིག་རྩད་ཆོད། ས་དེའི་སྤྱི་ཚོགས་བདེ་འཇགས་སྒྲིག་སྲོལ་ད་ལྟ་རྒྱུན་ལྡན་དུ་གྱུར་ཡོད་པ་དང་། གདུག་རྩུབ་ཅན་གྱི་དྲག་ཤུགས་བྱ་སྤྱོད་ལ་ས་དེའི་མང་ཚོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་། ཞིན་ཅང་ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཀྱང་གདུག་རྩུབ་ཅན་གྱི་མི་ངན་དེ་ཚོས་བཟོས་པའི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག